དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་དང་ཤིན་ཅང་གིས་ཅང་སུའུ་ལ་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-20

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༥ཉིན་ཅང་སུའུ་ཡི་སྐབས་དང་པོའི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་གི་ཚོང་འདུས་ཆེན་མོ་ནན་ཅིན་དུ་གཉེར་ཡོད་ཅིང་། ཆེད་མངགས་བཀོད་སྒྲིག་བྱས་པའི་ཅང་སུའུ་ཡི་ཤིན་ཅང་ལ་རོགས་སྐྱོར་དང་བོད་ལྗོངས་ལ་རོགས་སྐྱོར་བྱེད་སའི་ས་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ལ་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    གསར་འགོད་པར་ས་ཆ་དངོས་ནས་མཐོང་བར། ཤིན་སྐྱོར་དང་བོད་སྐྱོར་འགྲེམ་སྟེགས་ནི་འགྲེམ་སྟོན་ཁང་གི་སྒོ་འཛུལ་སར་བཀོད་སྒྲིག་བྱས་ཡོད་པས་ཀུན་གྱི་མཐོང་བདེ་པོ་ཡོད། ཡུའུ་གུར་རིགས་དང་བོད་རིགས། རྒྱ་རིགས་བཅས་ཀྱི་འགྲེམ་ཚོང་པས་གྲོང་མིར་སྨན་སྣདང་སྨན་ཆང་། ལག་ཤེས་བཟོ་རྫས་སོགས་ཡུལ་སྐོར་ཁྱད་ལྡན་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་ཡོད།

    བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྤོས་བཟང་ལ་ཅང་སུའུ་ཡི་འཛད་སྤྱོད་པ་མང་པོས་དགའ་པོ་བྱེད་ཀྱི་ཡོད་པ་རེད། སྦྱིན་བདག་ནོར་བུ་ཚེ་རིང་གིས་བོད་ཀྱི་སྤོས་བཟང་བེད་སྤྱོད་གང་འདྲ་གཏོང་དགོས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཀྱི་ཡོད། ནོར་བུ་ཚེ་རིང་གིས་གསར་འགོད་པར་ང་རང་ཅང་སུའུ་ལ་དགའ་ཞེན་ཆེན་པོ་ཡོད། ཅང་སུའུ་ནས་ཡོང་བའི་གྲོགས་པོས་ང་ཚོར་བོད་ཀྱི་སྤོས་མི་འདྲ་བ་མང་པོ་གསར་སྤེལ་བྱེད་རོགས་བྱས་པ་མ་ཟད། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་བྲིན་ཚོང་དྲ་བ་བཙུགས་ཡོད་ཅེས་ཤོད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཞིང་ཆེན་གྱིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་༢༠ལྷག་ཕྱིན་ཡོད་པ་དང་ཤིན་ཅང་ལ་རོགས་སྐྱོར་བྱས་ནས་ལོ་༡༨ཕྱིན་ཡོད་པ་རེད། མིག་སྔར་བོད་ལྗོངས་དང་ཤིན་ཅང་ལ་རོགས་སྐྱོར་གྱིས་ཁྱད་ལྡན་ཐོན་ལས་བཟོ་ལས་ཁུལ་མང་པོ་བཙུགས་ཐོག ཐོན་ལས་དབུལ་སྐྱོར་དང་གནད་ལ་འཕིགས་པའི་དབུལ་སྐྱོར་གྱི་ལམ་བུ་གསར་པ་གཏོད་ཡོད་པ་རེད། ཅང་སུའུ་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་འགན་ཁུར་མི་སྣས་བོད་སྐྱོར་དང་ཤིང་སྐྱོར་གྱི་ཆེད་དོན་ཁུལ་བཙུགས་ནས་ཅང་སུའུ་ཡིས་བོད་ལྗོངས་དང་ཤིན་ཅང་དབར་ཡུལ་སྐོར་ལས་རིགས་ཐད་སྤེལ་རེས་ཟབ་མོ་བྱེད་པ་མཚོན་ཐུབ་པ་དང་། ཐུན་མོང་གོང་འཕེལ་གྱི་འདུ་ཤེས་མངོན་པ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།