དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལོ་ལྔའི་ནང་ལྷ་སས་མཚོ་བོད་ས་མཐོའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་བསྐྲུན་ཐུབ་པ་བྱ་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-01-18

    གསར་འགོད་པར་ཉིན་ཤས་གོང་ཚོགས་པའི་ཡུལ་སྐོར་གོང་སྤེལ་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་2020ལོར་སླེབས་སྐབས། ལྷ་སས་ཡུལ་སྐོར་ཐོན་ལས་ཀྱི་དམིགས་ཚད་ཁག་སྤྱི་ལོ་2015ལོ་ལས་ལྡབ་གཉིས་འཕར་བ་བྱས་ཐོག གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་གྱི་གཞི་ཁྱོན་དང་། ཞབས་ཞུའི་སྤུས་ཚད། ཕྱོགས་བསྡུས་ཕན་འབྲས་བཅས་ཡུལ་སྐོར་དར་རྒྱས་འབྲིང་གྲས་ཀྱི་གྲོང་ཁྱེར་གྱི་ཆུ་ཚད་ལ་སླེབས་པ་བྱས་ཐོག མཚོ་བོད་ས་མཐོའི་ཐོག་གི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཉག་ཅིག་དེར་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ས་མཐོའི་ཐོག་གི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཉག་ཅིག་དེར་འགྱུར་བ་བྱེད་ཆེད། ལྷ་སས་སླད་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས། གྲོང་ཁྱེར་ཡོངས་ཀྱི་ལྡུམ་ར་ཁུལ་དང་། གཞུང་ལམ། གནམ་ཐང་། མཛེས་ལྗོངས་ཁུལ། གསོལ་མགྲོན་ཁང་སོགས་ལ་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་སྟོང་གཏོང་རྒྱུ་ཡིན་པ་རེད།

    དེ་མིན་རྒྱུད་གཅིག་ལམ་གཅིག་དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུ་དེ་གོ་སྐབས་ཤིག་ལ་བརྩིས་ནས། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཤུགས་ཆེ་རུ་བཏང་ཐོག ལྷ་ས་གྲོང་ཁྱེར་འདི་ཉིད་ཀྲུང་གོ་ནས་ཨེ་ཤ་ཡའི་ལྷོ་ཁུལ་དང་སྦྲེལ་བའི་ཡུལ་སྐོར་བསྡུ་འགྲེམས་ཁུལ་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་ཉི་ཤུ་རྩ་བཞིའི་གྲས་ཤིག་ཡིན་པ་དང་། རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་ཚན་པ་269ཡོད་པ་དང་། ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། ནོར་བུ་གླིང་ག་བཅས་འཛམ་གླིང་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་ཡོད་པ་རེད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་གནའ་གྲོང་འཛམ་གླིང་རིག་དངོས་ཤུལ་བཞག་མིང་ཐོའི་ནང་ཚུད་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།