ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། སྤྱི་ལོ་2015ལོར་ལྷ་སས་ཡུལ་སྐོར་བ་མིའི་ཐེངས་གྲངས་བྱེ་བ་1དང་ས་ཡ་1 7འབུམ་9ཁྲི་ཙམ་ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་154དང་བྱེ་བ་9ས་ཡ་3ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སས་ན་ནིང་ལོ་སྟོད་ལ་བོད་རིགས་ཀྱི་ཁྱིམ་ཚང་དུ་བསྐྱོད་ནས་དགུ་ཐུག་འཐུང་བའི་བོད་ཀྱི་ལོ་གསར་གྱི་བྱེད་སྒོ་སྤེལ་བ་དང་། གསེར་ར་དགོན་དང་འབྲས་སྤུང་དགོན་ལ་དགེ་འདུན་གྱིས་ཕྱག་དཔེ་སྐྱོར་བ་ལྟ་བ། མར་རྒྱན་བཞེངས་པ་སོགས་ཀྱི་བརྒྱུད་རིམ་ལ་བལྟ་བའི་ཡུལ་སྐོར་ལམ་ཐིག་བཟོས་ཡོད། བྱེད་སྒོ་དེས་ལྷ་སའི་དགུན་དུས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད། དབྱར་ཁ་སླེབས་པ་ནས་བཟུང་ས་གནས་ཡུལ་སྐོར་སྡེ་ཁག་གིས་ཆེད་མངགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་མང་པོ་བཟོས་ཡོད། གཞན་ཡང་ལྷ་སའི་ཞོ་སྟོན་དང་། བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་དངོས་མང་འགྲེམས་ཚོགས། ཝེན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློད་གར་འཁྲབ་སྟོན་སོགས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡིད་བཀུག་བྱས་ཡོད་པ་རེད། ལྷ་ས་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་གནའ་གྲོང་24གྲས་ཡིན་པ་དང་རིགས་ཁག་གི་རིག་དངོས་སྲུང་སྐྱོབ་སྡེ་ཁག་269ཡོད་པ་རེད།