དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་རིའི་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་མ་ལག་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་12ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཇོ་རིའི་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་མ་ལག་ཉིན་ཤས་གོང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་ཇོ་རིར་སྐྱོད་མཁན་ཡུལ་སྐོར་བ་དང་འགྲོ་འོང་ཁ་ལོ་བར་ཧ་ཅང་སྟབས་བདེ་ཡོང་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གནམ་གཤིས་ཞབས་ཞུའི་མ་ལག་དེས་ཇོ་རིའི་སྒར་ས་ཆེན་པོའི་ཆུ་ཚོད་72རིང་གི་གནམ་གཤིས་སྔོན་བརྡ་དང་ད་ལྟའི་གནམ་གཤིས་འགྱུར་ལྡོག་གནས་ཚུལ་མཁོ་འདོན་བྱེད་ཀྱི་ཡོད་པས་ཡུལ་སྐོར་བ་དང་དེ་བཞིན་ཁ་ལོ་བས་གནམ་གཤིས་སྔོན་བརྡའི་གནས་ཚུལ་གསར་ཤོས་དང་མཛེས་ལྗོངས་ཁུལ་གྱི་ད་ལྟའི་གནས་ཚུལ་ཤེས་ཐུབ། དེས་མ་ཚད་དིང་རི་རྫོང་གྲོང་ནས་ཇོ་རིའི་སྒར་ས་ཆེན་པོ་དང་། སྐྱིད་གྲོང་། འགྲམ་བཅས་རྒྱུད་ཀྱི་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཉེན་བརྡ་ཡང་ཤེས་ཐུབ།

    ཇོ་རིའི་སྒར་ས་ཆེན་པོ་ས་བབ་སྨི་5200ཡི་སར་གནས་པ་དང་དགུན་དུས་ཆར་པ་འབབ་ཉུང་ལ་སྤྲིན་སྨུག་འཁྲིགས་ཉུང་བས། ཇོ་རིའི་མཛེས་ལྗོངས་ཡོངས་མཐོང་ཐུབ་ལ། ཡུལ་སྐོར་བས་ད་དུང་བརྗིད་ཆགས་ཡིད་འོང་གི“ཇོ་རིའི་རྩེ་མོ”ཡང་མཐོང་ཐུབ། མིག་སྔར་ཇོ་རིའི་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བ་ཚང་མས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་སྒོར་90ལས་སྤྲོད་དགོས་ཀྱི་མེད། (བཀྲ་ཤིས་ཚེ་དབང་གིས་བསྒྱུར། ལྷ་དབང་དང་བཀྲ་ཚེས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།