དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྒྱལ་རྩེའི་རྫོང་ཡུལ་སྐོར་ཅུས་ཀྱིས་རྒྱལ་རྩེ་གནའ་གྲོང་དུ་A 4རིམ་པའི་སྙན་ཞུ་འབུལ་རྒྱུའི་ལས་ཀ་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-12

    2016 ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་འགོ་བཙུགས་པའི་ལོ་ཞིག་ཡིན། རྒྱལ་རྩེའི་ཡུལ་སྐོར་བྱ་ཡུལ་གྱི་འཕེལ་རྒྱས་ཀྱི་དམིགས་འབེན་དང་རྒྱལ་རྩེའི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། རྒྱལ་རྩེ་རྫོང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། སྔར་བའི་སྒོ་ནས་རྒྱལ་རྩེ་གནའ་གྲོང་4 A རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུ་རེད།

    ན་ནིང་། རྒྱལ་རྩེའི་རྫོང་གིས་པེ་ཅིང་གི་རིག་གནས་ཡུལ་སྐོར་འཆར་འགོད་ཀུང་སི་རྒྱལ་རྩེའི་རྫོང་གནའ་གྲོང་གི་མཛེས་ལྗོངས་ཁུལ་དུ་འཆར་འགོད་བྱེད་པར་གདན་ཞུས་བྱས་ཡོད་པ་རེད། དེའི་ནང་རྒྱལ་རྩེ་གནའ་གྲོང་སྲང་ལམ་རྙིང་པ་དང་། དཔལ་འཁོར་ཆོས་སྡེ་སོགས་གནའ་གྲོང་གི་མཛེས་ལྗོངས་ཁུལ་ཚུད་ཡོད། སྔར་བའི་སྒོ་ནས་རྒྱལ་རྩེ་གནའ་གྲོང་4 Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུ་མ་ཟད་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ལེགས་གྲུབ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།