དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་མེ་ཏོག་རྫོང་གིས་ན་ནིང་ཡུལ་སྐོར་པ་མིའི་ཐེངས་གྲངས་བདུན་ཁྲིར་སྣེ་ལེན་བྱས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-01-12

    བོད་ལྗོངས་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་གཉིས་སོང་ཚུན་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། གསར་འགོད་པར་མེ་ཏོག་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ན་ནིང་མེ་ཏོག་རྫོང་གྱིས་རིམ་བརྩིས་བྱས་ན་ཡུལ་སྐོར་པ་མིའི་ཐེངས་གྲངས་བདུན་ཁྲི་སྟོང་མེད་བརྒྱད་བརྒྱར་སྣེ་ལེན་ཞུས་ཡོད་པ་རེད། དེ་དང་དུས་མཚུངས་སྤྱི་ལོ་2014ལོར་མེ་ཏོག་རྫོང་གི་གནས་ལྗོངས་ཁག་ལ་སྤ་སེ་བཙོང་རྒྱུ་ལག་བསྟར་བྱས་ཚུན་དུ་རིམ་བརྩིས་བྱས་ན་སྤ་སེའི་བཙོང་པའི་ཡོང་འབབ་སྒོར་ས་ཡ་ལྔ་ལས་བརྒལ་ཡོད་པ་རེད།

    མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། ཟེར་སྲོལ་ལ་ཡུལ་པད་མ་ཅན་ཞེས་གྲགས་པ་དང་། ཆ་སྙོམ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་1200ལས་མེད་པས་སྔར་ནས་གདོད་མའི་སྐྱེ་ཁམས་ལེགས་ཤིང་ཚ་དྲོད་སྙོམ་པས་རྒྱལ་ཁབ་ཕྱི་ནང་གང་སར་སྐད་གྲགས་ཆེན་པོ་ཡོད། སྤྱི་ལོ་2013ལོའི་ཟླ་བ་10པར་མེ་ཏོག་རྫོང་གི་གཞུང་ལམ་ཤར་གཏོང་ཐུབ་པས་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མ་ཞེས་པའི་ཞ་མོ་ཕུད་ཐུབ་པ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།