དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་དང་ས་ཚིགས་6གསར་དུ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-01-08

    ཉེ་ཆར་རྒྱལ་ཁབ་ཞིང་ལས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་2015ལོའི་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་དང་དཔེ་སྟོན་ས་ཚིགས་ཀྱི་མིང་ཐོ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ་དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་རྫོང་2དང་གྲོང་ཚོ་དང་གྲོང་རྡལ་4ཡོད་པ་དེ་དག་2015ལོའི་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་དང་དཔེ་སྟོན་ས་ཚིགས་ལ་གཏན་འཁེལ་བྱས་པ་རེད།

    ད་ཐེངས་བདམས་ཐོན་བྱུང་བའི་དཔེ་སྟོན་རྫོང་དང་ས་ཚིགས་ཁྲོད་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དང་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དཀྱིལ་ཐང་སྡེ་ཁུལ་ཨུ་ལྷན། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་བྲག་པོ་གྲོང་ཚོ། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གི་གྲོང་ཚོ་ལྔ་པ་བཅས་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་ས་ཚིགས་སུ་གཏན་འཁེལ་བྱས་པ་རེད།

    2015ལོའི་རྒྱལ་ཡོངས་ཀྱི་ཤང་དང་གྲོང་ཚོའི་ཡུལ་སྐོར་དཔེ་སྟོན་རྫོང་དང་ས་ཚིགས་ཀྱི་མིང་ཐོའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ད་ཐེངས་བདམས་ཐོན་བྱུང་བའི་དཔེ་སྟོན་རྫོང་གི་གྲས་ཤིག་ཡིན་པ་དང“གངས་ལྗོངས་ཀྱི་གནའ་བོའི་མཁར་རྫོང་མཛེས་ལྗོངས”ཞེས་བརྗོད་པའི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཡིན་ལ་གསར་དར་གྱི་ཡུལ་སྐོར་གྲོང་རྡལ་ཞིག་ཀྱང་ཡིན། རྒྱལ་རྩེའི་གནའ་བོའི་མཁར་རྫོང་ཕུད་དཔལ་འཁོར་ཆོས་སྡེ་དང་། ཕ་ལྷ་གཞིས་ཀ། མཁའ་རེག་ལ་འཁྱགས་རོམ་ལ་སོགས་བོད་དུ་ཡུལ་སྐོར་བྱེད་མཁན་ཚོས་འགྲོ་དགོས་ངེས་ཀྱི་གནས་སུ་གྱུར་ཡོད་ཅིང་། དེས་མ་ཟད་ཞིང་ཆུ་འདྲེན་པ་དང་། འབྲུབ་འགོག ཡུལ་སྐོར། གློག་གཏོང་བཅས་གཞི་གཅིག་ཏུ་བསྡུས་པའི་མན་ལ་གློག་ཁང་ཡང་རྒྱལ་རྩེ་རྫོང་གི་བཀྲག་མདངས་འཚེར་བའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།