དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2015ལོར་ཀྲུང་གོའི་ཡུལ་སྐོར་ལས་རིགས་ལ་འཛམ་གླིང་གི་ཨང་དང་པོ་ཁག་4ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-01-07

    རྒྱལ་ཁབ་ཡུལ་སྐོར་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོར་ཀྲུང་གོའི་རྒྱལ་ནང་ཡུལ་སྐོར་མི་ཐེངས་དུང་ཕྱུར་40ལས་བརྒལ་བ་དང་། ཡུལ་སྐོར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་4ལས་བརྒལ་བ། ཕྱི་རྒྱལ་དུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར་1.2ལས་བརྒལ་བ་བཅས་རེད། ཀྲུང་གོའི་རྒྱལ་ནང་ཡུལ་སྐོར་དང་ཕྱི་རྒྱལ་དུ་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་དང་རྒྱལ་ནང་ཡུལ་སྐོར་གྱི་འཛད་སྤྱོད་དང་ཕྱི་རྒྱལ་ཡུལ་སྐོར་གྱི་འཛད་སྤྱོད་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། འཛམ་གླིང་ཡུལ་སྐོར་ལས་རིགས་ཀྱི་ལས་འཛིན་ལྷན་ཚོགས(WTTC)ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱིས་GDPལ་ཕྱོགས་བསྡུས་ལེགས་སྐྱེས་ཕུལ་ཚད་10.1%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།