དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྤོ་བོ་རྫོང་གིས་ཀོང་ཀྲོའུ་རུ་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-30

    ཉེ་ཆར“བོད་ལྗོངས་སྤོ་བོ་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ”དེ་ཀོང་ཀྲོའུ་ཁང་ཆེན་ཝུའུ་དབྱང་ཐིང་དུ་འཚོགས་ཤིང་། ཀོང་ཀྲོའུ་གྲོང་ཁྱེར་གྱི་གཙོ་གནད་ཡུལ་སྐོར་ལས་དོན་ཁང་དང་། གསར་འགྱུར་སྨྱན་སྦྱོར། ཚོང་ཚོགས་བཅས་དང་པར་ལེན་ཡིག་གཟུགས་མཁས་ཅན་ཁྱོན་མི་120ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་ཡོད་པ་རེད།


    འོས་སྦྱོར་ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་དང་སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ་ལིའུ་ཅན་གྱིས་སྤོ་བོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཁྱད་ཆོས་དང་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས་ངོ་སྤྲོད་བྱས་པ་རེད། ཁོང་ཚོས་རྒྱལ་ལམ་318གྱི་ཕུག་5དང་ཟམ་2བསྐྲུན་ཟིན་པ་དང་བསྟུན་ནས་སྤོ་བོའི་འགྲིམ་འགྲུལ་དེ་བས་སྟབས་བདེ་དང་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར་རྒྱལ་ལམ་318ཀྱི“ཡུལ་ལྗོངས་མཛེས་ཤོས་ལམ་ཆེན”ཏེ། སྤོ་བོའི་ལམ་དུམ་བུའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་སྟབས་བདེ་རུ་འགྱུར་སྲིད་ཅེས་ངོ་སྤྲོད་བྱས་པ་རེད།


    ཀོང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཏེའོ་ཨའེ་ལིང་གིས། ཀོང་ཀྲོའུ་ཡིས་སྔར་ནས་ད་བར་ཉིང་ཁྲི་དང་འབྲེལ་བ་དམ་ཟབ་དང་ཡག་པོ་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ད་རེས་ཀྱི་ཉིང་ཁྲིའི་ཡུལ་སྐོར་འོས་སྦྱོར་བརྗོད་བྱ་གཙོ་བོའི་ཁྱབ་སྤེལ་བྱེད་སྒོ་དེར་དོན་སྙིང་གཏིང་ཟབ་ལྡན་ཞིང་། ས་ཆ་གཉིས་ཀྱི་ཡུལ་སྐོར་ལས་རིགས་བར་ཤེས་རྟོགས་སྔར་བས་གཏིང་ཟབ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཡུལ་སྐོར་ལམ་ཐིག་གསར་སྤེལ་དང་། ཁྲོམ་ར་རྒྱ་སྐྱེད། ས་ཁོངས་རོགས་རེས་སོགས་ཐད་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། འབྱུང་འགྱུར་ཀོང་ཏུང་གི་ཡུལ་སྐོར་བ་དེ་བས་མང་བ་ཉིང་ཁྲིར་ཡུལ་སྐོར་དུ་འགྲོ་རྒྱུ་རེད་ལ། ཉིང་ཁྲིའི་གྲོང་མི་དེ་བས་མང་བ་ཀོང་ཏུང་དུ་ཡུལ་སྐོར་ལ་ཡོང་རྒྱུ་རེད་ཅེས་བཤད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།