དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དགུན་དུས་ཀྱི་ཉིང་ཁྲིའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་ཡོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-12-27

    དགུན་དུས་ཀྱི་ཉིང་ཁྲིར་མཁའ་རླུང་གཙང་ཞིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4728ཡོད་པའི་སེར་སྐྱེམས་ལར་འཛེགས་ན། ཉི་ཤར་དང་། སྤྲིན་མཚོ། ནགས་མཚོ་བཅས་མཐོང་ཐུབ་ལ་བརྗིད་ཉམས་ཆེ་བའི་གནམ་ལྕགས་འབར་བ་ཡང་མཐོང་ཐུབ། ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་སླེབས་མོད། འོན་ཀྱང་ཡུལ་སྐོར་བ་མི་ཉུང་བ་ཞིག་དེར་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་རོལ་བར་སླེབས་ཡོད། གནམ་ལྕགས་འབར་བ་ནི་ཀྲུང་གོ་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་རི་མཐོ་ཤོས་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་7782ཟིན་ཡོད།

    འདི་ནི་སེར་སྐྱེམས་ལའི་གཞུང་ལམ་གྱི་གུག་ཆ་ཡིན་པ།

    འདི་ནི་ཉི་མ་ལ་ཁའི་འོག་གི་གནམ་ལྕགས་འབར་བ་ཡིན་པ།

    འདི་ནི་ཉི་མ་ལ་ཁའི་འོག་གི་གནམ་ལྕགས་འབར་བ་ཡིན་པ།

    འདི་ནི་ས་སྲོད་ཙམ་དུ་སེར་སྐྱེམས་ལ་ནས་པར་བླངས་པའི་སྤྲིན་སྨུག་འཁྲིགས་པའི་གནམ་ལྕགས་འབར་བ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།