དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུན་ནན་བདེ་ཆེན་གྱིས་འཛམ་གླིང་རིམ་པའི་སྣོད་བཅུད་ཡུལ་སྐོར་ཁུལ་རྩེ་གྲ་ནུས་ཤུགས་ཡོད་རྒུས་བཏོད་པ།

  •     སྤེལ་དུས།  2015-12-25

    མི་དམངས་དྲ་བའི་འཕྲིན། བདེ་ཆེན་ནི་དབྱིན་ཇིའི་གྲགས་ཅན་རྩོམ་པ་པོ་ཀྲན་མུའུ་སི·ཤེའར་ཏུང་གི་བརྩམས་སྒྲུང་རིང་གྲས་《ཡལ་བར་གྱུར་པའི་སའི་སྙོམས་ཐིག་》ནང་ཞིབ་འབྲི་བྱས་པའི་རི་ཚོམས་ཀྱི་པང་དུ་ཆགས་པའི་ཤར་ཕྱོགས་ཀྱི་ཡུལ་གཏན་དུ་ཞི་ཞིང་བདེ་བ་ཞིག་ཡིན། ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བདེ་ཆེན་འདི་ཉིད་རིམ་བཞིན་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་བས་མང་པོ་ཞིག་ཉི་ཟླའི་གྲོང་དུ་ཡོང་ནས་དེ་གའི་མཛེས་ལྗོངས་མྱོང་རོལ་བྱེད་པར་ཡོང་བཞིན་མཆིས།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2015ལོའི་ཟླ་དང་པོ་ནས་བཅུ་པའི་བར་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་བ་ཁྲི་1617.04ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་19%འཕར་བ་དང་། དེ་དག་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་99.73ཡོད་པ་དེ་དུས་མཚུངས་ལས་2%ཆག་པ། རྒྱལ་ནང་གི་ཡུལ་སྐོར་བ་ཁྲི་1517.32ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་20.6%འཕར་བ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་149.12ཟིན་པ་དེ་དུས་མཚུངས་ལས་5%འཕར་བ་བཅས་རེད།

    བདེ་ཆེན་ཀྲོའུ་ཡི་ཡུལ་སྐོར་ལམ་ཐིག་རྩེ་གྲ་རགས་ཙམ་ཆགས་པ།

    2015ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་འཚོང་ཚོང་འདུས་ཐོག་བདེ་ཆེན་ཀྲོའུ་ཡིས་འགྲེམས་སྟོན་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་བོད་རིགས་ཀྱི་གླུ་གར་འཁྲབ་སྟོན་དེ་བཀྲག་མདངས་འཚེར་ས་མཛེས་ཤོས་ཤིག་ཏུ་གྱུར་པ་རེད། བདེ་ཆེན་ཀྲོའུ་ལ“སྲོག་ཆགས་དང་རྩི་ཤིང་གི་ཞིང་ཁམས”དང“རང་བྱུང་རི་མཐོའི་མེ་ཏོག་ལྡུམ་ར”ཞེས་འབོད་པ་བཞིན་དེ་ནི་སྟག་མ་མེ་ཏོག་དང་། སྤང་རྒྱན་མེ་ཏོག ཨུཏྤལ། ཤང་ཤང་དྲིལ་བུ་སོགས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རྩི་ཤིང་དང་མེ་ཏོག་སྐྱེས་ཁུལ་གཙོ་བོ་ཡིན་པ་མ་ཟད། དེ་གར་གོ་ལའི་ཕྱེད་བྱང་གི་འཕྲེད་ཚད་དམའ་ཤོས་ཀྱི་གངས་རིའི་ཚོམས་དང་ས་བབ་དམའ་བའི་དེང་རབས་འཁྱག་རོམ་ཁུལ་ཡང་ཡོད་པ་རེད།

    བདེ་ཆེན་དུ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་གནའ་ཤུལ་དང་གནའ་བོའི་གྲོང་རྡལ་སོགས་ཡོད་པ་དེ་དག་ཀྱང་མི་རིགས་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་གཞི་རྟེན་དུ་གྱུར་ཡོད་པ་རེད།

    རྣམ་གྲངས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་འཛམ་གླིང་རིམ་པའི་སྣོད་བཅུད་ཡུལ་སྐོར་ཁུལ་རྩེ་གྲ་བཏོད་པ།

    རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད། བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བདེ་ཆེན་ཀྲོའུ་ཡུལ་སྐོར་སྣེ་ལེན་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་དང་། སེམས་ཀྱི་ཉི་ཟླ་འབའ་ལྷ་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སེམས་ཀྱི་ཉི་ཟླ་ཨེ་ཤེ་ཡའི་ཡུལ་སྐོར་གླེང་སྟེགས་འཛུགས་སྐྲུན་བཅས་རྣམ་གྲངས་གསུམ་ཐད་ནུས་ཤུགས་ཡོད་རྒུ་བཏོན་པ་མ་ཟད། དེའི་ཐད་མ་དངུལ་སྒོར་དུང་ཕྱུར་4.1གཏོང་རྩིས་ཡོད་པ་རེད།

    ཟླ་དང་པོ་ནས་བཅུ་པའི་བར། བདེ་ཆེན་ཀྲོའུ་ཡུལ་སྐོར་སྣེ་ལེན་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་དང་སེམས་ཀྱི་ཉི་ཟླ་འབའ་ལྷ་དཀར་རྫོང་མཛེས་ལྗོངས་ཁུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་4.68བཏང་བ་རེད།

    ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱས་པ།

    འདི་ལོར་བདེ་ཆེན་ཀྲོའུ་ཡིས“ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པའི”ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་ཕྱིན་ནས། ཡུལ་སྐོར་གཟུགས་བརྙན་ལ་གནོད་པའི་མངོན་གསལ་གནད་དོན་དག་བཅོས་སྒྲིག་ནུས་ལྡན་ཐུབ་སྟེ་ཡུལ་སྐོར་ཞུ་གཏུག་བྱེད་ཚད་ཆེས་ཆེར་ཆག་ཡོད་པ་རེད།

    དྲིལ་བསྒྲགས་བྲིན་ཚོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་2016ལོར་བདེ་ཆེན་ཀྲོའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་1600ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་150ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།