དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས“དགུན་དུས་གཙང་དུ་ཡུལ་སྐོར་བྱས་ནས་ཇོ་རིའི་གསང་བ་རྟོགས་པར་བྱེད”ཅེས་པའི་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-22

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་20ཉིན་ཆེད་དོན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ས་གནས་དེ་གས“དགུན་དུས་གཙང་དུ་ཡུལ་སྐོར་བྱས་ནས་ཇོ་རིའི་གསང་བ་རྟོགས་པར་བྱེད”ཅེས་པའི་ཡུལ་སྐོར་ལམ་ཐིག་3གཏོད་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་གཙང་གི་ཉམས་བཟང་མྱོང་རོལ་བྱེད་ཐུབ་པ་བྱས་པ་རེད།

    ཡུལ་སྐོར་ལམ་ཐིག་3པོ་དེ་དག“རོང་ས་དམར་པོའི་ཡུལ་སྐོར”དང་། “ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར”“ཇོ་རིའི་ཡུལ་སྐོར”བཅས་སོ་སོ་ཡིན་ཞིང་། དེའི་ནང“རོང་ས་དམར་པོའི་ཡུལ་སྐོར”གྱི་ལམ་ཐིག་ནི་གཞིས་རྩེ་དང་། པ་སྣམ་། རྒྱལ་རྩེ། ཁང་དམར། གྲོ་མོ་བཅས་ཡིན་ཞིང་། ཡུལ་ལྗོངས་ཁུལ(ས་ཚིགས)མང་ཆེ་བ་གཞུང་ལམ་རྒྱུད་དུ་གཅིག་སྡུད་བྱས་ཡོད་པས་ཡུལ་སྐོར་བ《རོང་ས་དམར་པོ》ཞེས་པའི་གློག་བརྙན་པར་ལེན་ཁུལ་དུ་འགྲོ་སྐྱོད་བྱེད་ཆོག་པ་དང་། བོད་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་པར་འགོག་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཚོར་ཐུབ་ལ་ད་དུང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གྱི་གྲོང་ཁྱེར་ཆུང་ངུ་གྲོ་མོ་ནས་རྒྱལ་ཁབ་གཞན་གྱི་ཚོང་ཟོག་ཀྱང་ཉོ་སྒྲུབ་བྱེད་ཆོག་གི་ཡོད་པ་རེད།

    “ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར”གྱི་ལམ་ཐིག་ནི་གཞིས་རྩེ་དང་། ལྷ་རྩེ། དིང་རི། ས་དགའ། འབྲོང་པ་བཅས་ཡིན་ཞིང་། ཡུལ་སྐོར་ཁུལ(ས་ཚིགས)མང་ཆེ་བ་རྒྱལ་ལམ་219རྒྱུད་དུ་གཅིག་སྡུད་བྱས་པས་ཡུལ་སྐོར་བས་ཡར་ཀླུང་གཙང་པོའི་ཆུ་འགོའི་རྫོང་དང་པོ་འབྲོང་པའི་ངོ་མཚར་འཚོལ་ཞིབ་བྱེད་ཐུབ་ལ་གཞིས་རྩེའི་ཁྱད་ལྡན་གྱི་བོད་ཟས་མྱོང་རོལ་ཡང་བྱེད་ཆོག

    “ཇོ་རིའི་ཡུལ་སྐོར”གྱི་ལམ་ཐིག་ནི་གཞིས་རྩེ་དང་། ས་སྐྱ། ལྷ་རྩེ། དིང་རི། སྐྱིད་གྲོང་བཅས་ཡིན་ཞིང་། ཡུལ་ལྗོངས་ཁུལ(ས་ཚིགས)མང་ཆེ་བ་རྒྱལ་ལམ་318རྒྱུད་དུ་གཅིག་སྡུད་བྱས་ཡོད་པ་དང་ལམ་བར་དུ་གཙང་པོ་དང་ཆུ་བོ་མང་པོ་ཡོད་ལ་གངས་རིའི་མུ་འཁྱུད་སྟར་ཆགས་འབྲེལ་ཡོད་པས་ཡུལ་སྐོར་བས་པཊ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲས་ལྷུན་དགོན་དང་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་མ་དགོན་ས་སྐྱ་དགོན་གྱི་་རིག་གནས་གྱི་ནང་དོན་ཟབ་མོ་མྱོང་ཚོར་བྱེད་ཐུབ། ད་དུང་ཇོ་རི་དང་སྐྱིད་གྲོང་རོང་ཤུར་སོགས་རང་བྱུང་གི་མཛེས་ལྗོངས་ལའང་རོལ་ཆོག

    དགུན་དུས་ཀྱི་ལྷ་ས་ནི་ཉི་འོད་རབ་ཏུ་འཚེར་བ་ཞིག་ཡིན་ལ་ཉི་འོད་འཕྲོ་ཡུན་ཡང་རིང་པོ་ཡོད་པས་མིང་དོན་མཚུངས་པའི“ཉི་འོད་གྲོང་ཁྱེར”ཞིག་ཡིན་པ་རེད། ནང་སར་ཆུ་ཐིགས་ཟགས་འཕྲལ་འཁྱགས་པ་ཆགས་པ་དང་རུས་ཟུག་རྒྱག་པའི་གནམ་གཤིས་ཤིན་ཏུ་གྲང་བའི་སྐབས་སུ་མི་རྣམས་བོད་དུ་དྲོ་འཇམ་ཉི་འོད་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་ལ་དགུན་དུས་སུ་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གི་སྒོ་འཛིན་རིན་གོང་གཅོག་པ་དང་ཨར་ཁང་དང་གནམ་གྲུའི་སྤ་སེའི་རིན་གོང་ཡང་གཅོག་གི་ཡོད་པས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱས་ནས་ཉི་འོད་ལོངས་སུ་སྤྱོད་པ”ནི་བོད་དུ་ཡུལ་སྐོར་བྱེད་མཁན་གྱི་གདམ་ག་གསར་པ་ཞིག་ཏུ་དངོས་སུ་འགྱུར་བཞིན་ཡོད་པ་རེད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་11གི་ཟླ་མཇུག་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་1800ལ་སྣེ་ལེན་ཞུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།