དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀན་ལྷོ་བསང་ཆུའི་གནམ་གྲུ་ཐང་ནས་ཁྲི་འདུ་དང་དབྱིན་ཁྲོན་ལ་མཁའ་ལམ་གསར་བ་གཉིས་གཏོད་རྒྱུ་ཡིན་པ།

  •     སྤེལ་དུས།  2015-12-16

    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མི་འགྱངས་བར་བསང་ཆུའི་གནམ་གྲུ་ཐང་ནས་ཁྲི་འདུ་དང་དབྱིན་ཁྲོན་ལ་མཁའ་ལམ་གསར་བ་གཉིས་བཏོད་རྒྱུ་ཡིན་ལ། མཁའ་ལམ་འདི་གཉིས་ནས་དངོས་སུ་འཕུར་སྐྱོད་བྱ་ཐུབ་ཚེ། ཀན་ལྷོ་ཁུལ་དང་ཕྱི་རོལ་འཇིག་རྟེན་གྱི་བར་ཐག་སླར་ཡང་ཇེ་ཐུང་དུ་གཏོང་ཐུབ་ངེས་ཡིན།

    བསང་ཆུའི་གནམ་གྲུ་ཐང་བཙུགས་ནས་འཁོར་སྐྱོད་བྱས་པ་ནས་བཟུང་། ཀན་ལྷོའི་འགྲིམ་འགྲུལ་ལ་སྔ་ན་མེད་པའི་སྟབས་བདེ་བསྐྲུན་ཡོད་ཅིང་། ཚོང་དོན་བགྲོ་གླེང་དང་ཡུལ་སྐོར་སྤྲོ་གསེང་གང་ཡིན་ནའང་། ཕྱི་ནང་གི་ཡུལ་སྐོར་མགྲོན་པོ་ཕར་འགྲོ་ཚུར་འོང་བྱས་ནས། རྩྭ་ཐང་གི་མཛེས་པ་དང་ཕྱི་རོལ་གྱི་འཇིག་རྟེན་ཉམས་སུ་མྱོང་བར་འགྲུལ་བཞུད་ཀྱི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བརྟེན་ནས། ཟླ་12ཚེས་18ཉིན་ནས་བཟུང་། སླར་ཡང་མཁའ་ལམ་གསར་བ་འདི་གཉིས་ནས་དངོས་སུ་གནམ་གྲུ་གཏོང་འཆར་ཡོད་པ་དང་།

    གསར་དུ་བཏད་པའི་མཁའ་སྐྱོད་ཨང་རྟགས་ནི་3U8115དང་8116ཡིན་ལ། གཟའ་འཁོར་རེར་འཕུར་ཐེངས་གསུམ་རེ་གཏན་འཁེལ་བྱས་ཡོད་དེ། སོ་སོ་ནི་ཟླ་མིག་དམར་དང་གཟའ་ཕུར་བུ། གཟའ་པ་སངས་ཉིན་བཅས་ཡིན་ལ། ཞོགས་པར་ཁྲི་འདུ་ནས་འཕུར་ཏེ་བསང་ཆུའི་གནམ་གྲུ་ཐང་ནས་བབས་རྗེས་སླར་ཡང་དབྱིན་ཁྲོན་ལ་འཕུར་རྒྱུ་དང་། ཉིན་གུང་ནས་སླར་ཡང་དབྱིན་ཁྲོན་ནས་བསང་ཆུ་བརྒྱུད་ནས་ཁྲི་འདུ་ལ་ཕྱིར་འཕུར་རྒྱུ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།