དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀན་སུའུ་ཀན་ལྷོ་བོད་རིགས་ས་ཁུལ་དུ་རིག་ལྡན་ཡུལ་སྐོར་ཁྱབ་སྤེལ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-12-15

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་ཀན་ལྷོ་བོད་རིགས་ས་ཁུལ་གྱིས་རིག་ལྡན་ཡུལ་སྐོར་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་ཕན་འབྲས་རགས་ཙམ་ཐོབ་པ་དང་། སྨྱན་སྦྱོར་གསར་པ་བརྒྱུད་ཡུལ་སྐོར་བློ་འདྲི་དང་། ཡུལ་སྐོར་བགྲོད་ལམ། ཡུལ་སྐོར་ཐད་ཀྱི་དྲི་བ་དྲིས་ལན། མཛེས་ལྗོངས་ངོ་སྤྲོད། དམངས་སྲོལ་གོམས་གཤིས། སྲིད་དོན་གཉེར་ཕྱོགས་བཅས་ཆ་འཕྲིན་རིགས་དྲུག་ཁྱབ་བསྒྲགས་བྱས་པ། དྲ་བར་ཞུགས་ཏེ་དྲི་རྩད་བྱེད་ཚད་མི་ཐེངས་ཁྲི་48.6ཟིན་ཡོད་པ་རེད།

    ཀན་ལྷོ་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་སྙན་གྲགས་ཆེ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཡིས“རྣམ་པར་བཀྲ་བའི་ཀན་ལྷོ”དང“ཀན་ལྷོ་ཀྲོའུ་ཡུལ་སྐོར་ཅུས”ཞེས་པའི་གཞུང་ཕྱོགས་སྐད་འཕྲིན་སྟེགས་བུ་དང་སྐད་འཕྲིན་གཞུང་ཕྱོགས་དྲ་ཚིགས་བཏོད་པ་དང་ཀྲོའུ་ཡོངས་ཀྱི་རྫོང(གྲོང་ཁྱེར)8དུ་ཡུལ་སྐོར་གཞུང་ཕྱོགས་སྐད་འཕྲིན་སྟེགས་བུ་ནས་ཆ་འཕྲིན་གཏོང་འགོ་ཚུགས་ཡོད། དུས་མཚུངས་སུ་ཀྲོའུ་ཡོངས་ཀྱི་གསོལ་མགྲོན་ཁང་དང་། ཞིང་དུད(འབྲོག་དུད)སྤྲོ་སྐྱིད་ཁང་། མཛེས་ལྗོངས་ས་ཚིགས་བཅས་ཁག་ཏུ་མཚམས་སྦྱོར་བརྡ་ཆ་སྦྱར་བ་བརྒྱུད་ཀན་ལྷོའི་ཡུལ་སྐོར་སྐད་འཕྲིན་དྲིལ་བསྒྲགས་ཚོགས་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།

    ཀན་སུའུ་ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔར་ཀན་ལྷོ་ཀྲོའུ་ཡིས་བསྐྲུན་པའི“རྣམ་པར་བཀྲ་བའི་ཀན་ལྷོ”ཞེས་པའི་སྐད་འཕྲིན་བློ་འདྲི་དྲ་ཚིགས་མ་ལག་སྟེགས་བུར་ཡུལ་སྐོར་ལྟ་སྐུལ་དོ་དམ་དང་། ཞུ་གཏུག ཨང་སྒྲིག་བཅས་ཀྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད། དུས་མཚུངས་སུ་ཀྲོའུ་ཡོངས་ཀྱི་རིག་ལྡན་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་ཀྱི་འགྲེལ་བཤད་སྟེགས་བུ་འཛུགས་སྐྲུན་དང་མཛེས་ལྗོངས་ཁུལ་གྱི་WiFiཁྱབ་གདལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་ངོ་སྤྲོད་ཀྱི་དྲ་ངོས་སྒྲིག་བཟོ་བྱས་པ་དང་ཡུལ་ལྗོངས་ས་ཚིགས་ཆུང་ངུ་100ཡི་འགྲེལ་བཤད་ཕབ་སྦྱོར་བྱས་པ་དག་ཡུལ་སྐོར་དྲ་བའི་APPབརྒྱུད་ཕྱོགས་ཡོངས་ནས་སྤེལ་ཡོད་པ་རེད།

    མཚོ་བོད་ས་མཐོའི་བྱང་ཕྱོགས་སུ་ཡོད་པའི་ཀན་ལྷོ་ནི་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་ཀ་པ་རིམ་པ་མཛེས་ལྗོངས་ཁུལ་མང་ཤོས་དང་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དེར་ཁྱོན་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་མཛེས་ལྗོངས་ཁུལ་18ཡོད།

    2015ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་ཀན་ལྷོ་ཀྲོའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་39.85ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་13.68%འཕར་བ་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་1.88ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།