
མི་དམངས་དྲ་བའི་འཕྲིན། ཉེ་ཆར་《གནའ་བོའི་ཇ་འདྲེན་རྟ་ལམ——ཞིང་ཆེན་རང་སྐོང་ལྗོངས་བརྒྱད་ཀྱི་རིག་དངོས་དམིགས་བསལ་འགྲེམས་སྟོན་》དེ་ཡུན་ནན་ཞིང་ཆེན་གྱི་དངོས་མང་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ཁྲོད་དུ་ཡུན་ནན་དང་། ནང་སོག ཀོང་ཞི། སི་ཁྲོན། བོད་ལྗོངས། ཧྲའན་ཞི། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་8ཀྱི་དངོས་མང་བཤམས་མཛོད་ཁང་གི་རིག་དངོས་རྩ་ཆེན་དག་འདུས་ཡོད་ལ་བསྡོམས་པས་རིག་དངོས་500ལྷག་ཡོད་པ་རེད།