དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་བཅག་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-05

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་བ་ཉུང་དུ་སོང་བ་དང་བསྟུན་ནས་བོད་ཀྱི་སྐད་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་རིན་གོང་ཕྱེད་ཀ་བཅག་ནས་ཕྱོགས་གཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། བཀྲས་ལྷུན་དགོན། ཇོ་མོ་གླང་མ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ། གནས་ཡུལ་ལུང་ཤུར། བྲག་གསུམ་མཚོ་སོགས་སྐད་གྲགས་ཡོད་པའི་མཛེས་ལྗོངས་ཁུལ་ཚང་མར་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་རྒྱུ་དང་ཨར་ཁང་མི་ཉུང་བ་ཞིག་གི་ཁང་གླ་40%ནས་60%བར་གཅོག་རྒྱུ་རེད། དེ་དང་དུས་མཚུངས་ལྷ་ས་ནས་ཉིང་ཁྲི་བར་སྒོར་300ཡན་གྱི་རིན་གོང་ཧ་ཅང་ཁེ་བའི་གནམ་གྲུའི་སྤ་སེ་འཚོང་གི་ཡོད་པ་རེད།

    བོད་དུ་ཡུལ་སྐོར་བ་མང་བ་དང་ཉུང་བའི་ནམ་དུས་ཁ་གསལ་བ་དང་ལོ་རེའི་ཟླ་5ཚེས་1ནས་ཟླ་10ཚེས་31ཉིན་བར་ཡུལ་སྐོར་བ་མང་བའི་ནམ་དུས་ཡིན་པ་དང་ལྷག་པར་དུ་ཟླ་7པ་དང་ཟླ་8པ་གཉིས་ལ་ཕོ་བྲང་པོ་ཏ་ལ་ལྟ་བུའི་སྐད་གྲགས་ཡོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཧ་ཅང་རག་ཁག་པོ་ཡོད་ཅིང་། ཡུལ་སྐོར་བས་རྟག་ཏུ་ཉིན་ཁ་ཤས་བསྒུགས་ཚེ་གཞི་ནས་སྒོ་འཛིན་རག་གི་ཡོད། དེས་མ་ཚད་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མང་བ་དང་ཁང་གླ་མཐོ་བས་འགྲོ་འོང་བྱེད་པའི་གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེ་ཡང་ཉིན་ཁ་ཤས་ཀྱི་སྔོན་ནས་མངགས་ཉོ་བྱེད་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།