ཉེ་ཆར་གཞིས་རྩེ་དང་མངའ་རིས་ཀྱི་ས་ཆ་ཁ་ཤས་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག
ལྷོ་རྒྱུད་ཀྱི་དྲོ་ཞིང་བཤེར་བའི་རླུང་རྒྱུན་དང་བྱང་རྒྱུད་ཀྱི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག སྔོན་རྩིས་བྱས་ན། ཚེས་31གོང་གཞིས་རྩེའི་ལྷོ་རྒྱུད་དང་མངའ་རིས་ཀྱི་ཤར་ལྷོའི་རྒྱུད་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་ཆེན་པོ་འབབ་རྒྱུ་དང་། ནག་ཆུའི་དབུས་ཤར་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཆ་ཤས་ལ་གངས་ཆེ་བ་འབབ་རྒྱུ་རེད་འདུག དེར་བརྟེན། སྐྱིད་གྲོང་ནས་གཉའ་ལམ་བར་གངས་མཐུག་ཚད་ཧའོ་སྨི་15ནས་25བར་ཟིན་རྒྱུ་དང་། སྤུ་ཧྲེང་དང་མ་ཡུམ་ནས་མཚོ་ཆེན་བར་གངས་མཐུག་ཚད་ཧའོ་སྨི་5ནས་10བར་ཟིན་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲིའི་ཏུའུ་6ནས་8བར་དམའ་རུ་འགྲོ་རྒྱུ་དང་ས་ཆ་ཁ་ཤས་ལ་དྲོད་ཚད་ཧྲེ་ཧྲིའི་ཏུའུ་10དམའ་རུ་འགྲོ་རྒྱུ་བཅས་རེད་འདུག
ཟླ་11ཚེས་1དང་2ཉིན་ནས་གངས་འབབ་ཚད་ཉུང་དུ་འགྲོ་རྒྱུ་རེད་འདུག ཡིན་ནའང་། ནག་ཆུའི་ཤར་རྒྱུད་དང་། ཉིང་ཁྲི། ཆབ་མདོ་བཅས་ལ་གངས་མ་ཆར་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད་འདུག
གྲོས་འགོ་འདོན་རྒྱུར། རྒྱལ་ལམ་318ཀྱི་གཉའ་ལམ་དུམ་བུ་དང་རྒྱལ་ལམ་219ཡི་མ་ཡུམ་ནས་ས་དགའི་བར་གྱི་ལམ་དུམ་བུར་ལམ་གཤོང་བ་དང་བཀག་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཞུང་ལམ་དུ་བཞུར་བའི་གངས་གཙང་མ་བཟོས་ནས་འགྲིམ་འགྲུལ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ལ། འབྲོག་ཁུལ་དུ་ཕྱུགས་རིགས་ལ་དྲོ་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། དུས་ཐོག་ཏུ་དེ་མཚུངས་ཀྱི་བྱེད་ཐབས་ཡག་པོ་སྤྱོད་དགོས། གཞན་ཡང་། དམངས་སྲིད་ཚན་པས་གེབས་སྐྱོབ་ཀྱི་འཕྲུལ་ཆས་དང་དངོས་ཟོག་གྲ་སྒྲིག་བྱེད་དགོས་ལ། གཞིས་རྩེ་ནས་མངའ་རིས་ལ་ཡུལ་སྐོར་དུ་འགྲོ་རྩིས་ཡོད་མཁན་རྣམས་གངས་ཆེན་བབས་པའི་དུས་མཚམས་གཡོལ་ན་ལེགས།