ལྷ་ས་ནས་ཉིང་ཁྲི་བར་གྱི་གནམ་གྲུའི་སྤ་སེར་དམའ་ཤོས་སྒོར་200རེད་འདུག
གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཚད་ཚོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་26ཉིན་ནས་ཟླ་12ཚེས་31ཉིན་བར་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཉིང་ཁྲི་བར་གྱི་གོང་ཁེའི་མཁའ་ཐོག་མྱུར་ལམ་བཏོད་དེ། ལྷ་ས་ནས་ཉིང་ཁྲི་བར་གྱི་གནམ་གྲུའི་སྤ་སེར་དམའ་ཤོས་ལ་སྒོར་200དང་། ཕར་འགྲོ་ཚུར་འོང་གི་སྤ་སེར་དམའ་ཤོས་ལ་སྒོར་300ལས་རེད་མི་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་དེའི་དུས་གཏན་གནམ་གྲུའི་ཨང་རྟགས་ནི་TV9833དང་TV9834ཡིན་པ་དང་། ཉིན་རེར་དུས་གཏན་གནམ་གྲུ་རེ་ཡོད་པ་དེ་སྔ་དྲོའི་ཆུ་ཚོད་10དང་སྐར་མ་50ལ་ལྷ་ས་ནས་འཕུར་ཏེ་ཆུ་ཚོད་11དང་སྐར་མ་30ཙམ་ལ་ཉིང་ཁྲིར་འབྱོར་གྱི་ཡོད་པ་དང་། ཆུ་ཚོད་12དང་སྐར་མ་20ལ་ཉིང་ཁྲི་ནས་འཕུར་ཏེ་ཆུ་ཚོད་13དང་སྐར་མ་5ཙམ་ལ་ལྷ་སར་འབྱོར་གྱི་ཡོད་པ་རེད།
ཉིང་ཁྲི་དེ་ཉིད་བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་ཅིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཡོད། དེར་བོད་ཀྱི་ནགས་ཚལ་གྱི་70%ཡན་ཡོད་པ་དང་། མཁའ་རླུང་ནང་གསོ་རླུང་མང་པོ་ལྡན་པས། “བོད་ཀྱི་གཡུ་གཞོང”ཞེས་འབོད་བཞིན་ཡོད་ལ། ནང་སའི་ཡུལ་སྐོར་བས་ཡུལ་སྐོར་བྱ་ཡུལ་ལེགས་ཤོས་སུ་བརྩི་བཞིན་ཡོད།