དགའ་ལྡན་སུམ་རྩེན་གླིང་དེ་ཉིད་ས་བབ་མཐོ་ཚད་སྨི་3300ཡན་གྱི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་པ་དང་དེ་ནི་ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་ཡིན་པས“ཕོ་བྲང་པོ་ཏ་ལ་ཆུང་བ”ཞེས་པའི་མཚན་སྙན་ཡང་ལྡན་ཡོད། དགོན་སྡེ་དེ་1679ལོར་སྐྲུན་འགོ་ཚུགས་པ་དང་ས་ཁྱོན་སྨི་ངོས་གྲུ་ཁྲི་33ཟིན་ཞིང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏོགས་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་དགའ་ལྡན་སུམ་རྩེན་གླིང་དགོན་སྡེ་སྲུང་སྐྱོབ་དང་ཉམས་གསོ་བྱས་ཏེ་ཚོགས་ཆེན་དང་། དགོན་སྡེའི་རྒྱ་ཕིབས། དགོན་སྡེའི་མདུན་གྱི་ཐང་ཆེན་སོགས་སྒྲིག་ཆས་གསར་སྐྲུན་བྱས་ཡོད། མིག་སྔར་དགོན་སྡེ་དེ་ཉིད་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ནས་ལོ་ལྟར་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཁྲི་བརྒྱ་ཡན་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འཕྲོག་ཅིང་། འདི་ནི་ཡུན་ནན་སེམས་ཀྱི་ཉི་ཟླའི་དགའ་ལྡན་སུམ་རྩེན་གླིང་དགོན་གྱི་མཛེས་ལྗོངས་ཡིན་པ།