ལྷ་ཉིང་རིམ་མཐོའི་གཞུང་ལམ་བདེ་འཇགས་ངང་གཉེར་སྐྱོང་བྱེད་པ།
ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་ནི་རང་ལྗོངས་ཀྱི་འགྲིམ་འགྲུལ་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། གཞུང་ལམ་དེ་ཉིང་ཁྲི་གྲོང་ཁྱེར་འབྲིང་པ་གྲོང་ཚོ་ནས་འགོ་ཚུགས་ཏེ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་བར་ཡིན་ལ་རིང་ཚད་ཧྲིལ་པོར་སྤྱི་ལེ་409.2ཡོད་པ་དང་ཕྱོགས་གཉིས་སུ་འཁོར་ལམ་བཞི་ལྡན་ཡིན། གཞུང་ལམ་བསྐྲུན་ཚར་ནས་ཟླ་བ་གཅིག་ལྷག་རིང་ཚོད་ལྟའི་འགྲུལ་བཞུད་རིང་བདེ་འཇགས་དང་བརྟན་པོ་བྱུང་ཡོད། ཚོད་ལྟའི་འགྲུལ་བཞུད་མཇུག་འགྲིལ་རྗེས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་དང་། མྱུར་ཚད་ལྟ་སྐུལ་ཚད་ལེན། བདེ་འཇགས་འགོག་ཟོན་སྒྲིག་བཀོད་འཐུས་ཚང་བྱུང་མིན་གྱི་གནས་ཚུལ་སོགས་གཞིར་བཟུང་འཁོར་རིགས་ཚད་བཀག་འགྲུལ་སྐྱོད་དང་མྱུར་ཚད་ཚོད་འཛིན་གྱི་ཐད་ལེགས་སྒྲིག་བསྐྱར་མ་བྱ་རྒྱུ་ཡིན་ཞིང་། འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་སྟག་རྩེའི་དུམ་བུ་ཡིན་པ།