


མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་གི་ཞིང་པ་ཚོས་སྲོལ་རྒྱུན་གྱི་རྟེན་འབྲེལ་འཁྲབ་སྟོན་གླུ་གར——བྲོ་པ་གཞས་མོ་འཁྲབ་སྟོན་བྱེད་བཞིན་ཡོད་པ། ཤེས་རྟོགས་བྱུང་བ་ལྟར་ན། བྲོ་པ་གཞས་མོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་རྟེན་འབྲེལ་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སུ་འཁྲབ་སྟོན་བྱེད་པའི་གླུ་གར་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་སྟོང་ཡན་གྱི་ལོ་རྒྱུས་ལྡན་པས། མིག་སྔར་ས་གནས་དེ་གས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་རེད།