དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར་ཤར་སྐོར་ལམ་ཉིད་ཡུལ་སྐོར་ལམ་ཐིག་རྩེ་གྲར་གྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-04

    ཟླ་6ཚེས་22ཉིན། བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་རྒྱས་སྐྲུན་ལས་གྲྭ་བསྐྲུན་ཟིན་ནས་རླངས་འཁོར་གཏོང་འགོ་ཚུགས་པ་དང་ཟླ་9ཚེས་15ཉིན་ལྷ་ཉིང་མཐོ་རིམ་གཞུང་ལམ་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཉེ་ཆར་སླར་ཡང་རྒྱ་ཚྭ་ནས་ཟངས་རི་བར་གྱི་གཞུང་ལམ་གསར་སྐྲུན་དང་རྒྱས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མོས་མཐུན་མཆན་བཀོད་བཀའ་ལན་ཐོབ་ཡོད་ཅིང་། གཞུང་ལམ་དེ་བསྐྲུན་པ་དེས་བོད་དབུས་རྒྱུད་ཀྱི་མ་ལམ་གཞུང་ལམ་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ད་ཡོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་གཏོང་བའི་ཆ་རྐྱེན་ལེགས་སུ་བཏང་ཐོག་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    བོད་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་མ་ལམ་འགྲིམ་འགྲུལ་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་པ་དང་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ནས་བོད་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་རྦད་དེ་བསྐྱར་ཟློས་ཐེབས་པའི་བོད་ཀྱི་ཡུལ་སྐོར་ཤར་སྐོར་ལམ་ཐིག་ཀྱི་ཆ་རྐྱེན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་བསྟུན་ནས། བོད་དབུས་རྒྱུད་ཀྱི་ཡུལ་སྐོར་རིམ་སྤོར་ཐད་གོ་སྐབས་དང་གསོན་ཤུགས་བསྣན་རྒྱུ་ཡིན་པ་དང་། དེ་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་དུ་ཡོང་བ་དང་བོད་དབུས་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་མྱོང་རོལ་བྱེད་མཁན་ལྗོངས་ཕྱི་ནང་གྱི་ཡུལ་སྐོར་བ་ཚོའི་ངོས་ནས་བརྗོད་ཚེ་གཏམ་བཟང་ཞིག་ཡིན་པ་རེད།

    བོད་ཀྱི་ཡུལ་སྐོར་གྱི་ཤར་སྐོར་ལམ་ཐིག་ཏུ་ལྷ་ས་ཁུལ་དང་ཉིང་ཁྲི་དང་ལྷོ་ཁ་ས་ཁུལ་ཚུད་པ་དང་། ལམ་བར་དུ་ལྷ་ས་ནས་སྟག་རྩེ་དང་།  མལ་གྲོ་གུང་དཀར།   ཀོང་པོ་རྒྱ་མདའ་རྫོང་།  བྲག་ཡིབ།  སྨན་གླིང་།  སྣང་རྫོང་། རྒྱ་ཚྭ།  ཆུ་གསུམ།   ཟངས་རི།  རྩེད་ཐང་།  གྲ་ནང་།   གོང་དཀར།  ཆུ་ཤུར་བཅས་བརྒྱུད་དགོས་ཀྱི་ཡོད།  བོད་ཀྱི་སྐད་གྲགས་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་རང་བྱུང་ཡུལ་སྐོར་ཐོན་ཁུངས་མང་ཆེ་བ་སྐོར་ལམ་དེའི་རྒྱུད་དུ་གཅིག་སྡུད་ཐུབ་ཡོད།  ལྷ་ས་སྐྱིད་ཆུ་ནས་ཉང་ཆུ་བར་དང་།  ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ནས“བོད་ལྷོའི་རོང་ཁུལ”བར། མི་ལ་ནས་གནམ་ལྕགས་འབར་བའི་བར་བཅས་སུ་ས་མཐོའི་ཡུལ་ལྗོངས་ལྟ་ན་སྡུག་ལ་གདོད་མའི་ཐོན་ཁུངས་སྣ་ཚོགས་ཡོད།  དེ་དང་ཆབས་ཅིག་སྐོར་ལམ་དེ་ནི་བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མྱོང་རོལ་དང་ལོ་རྒྱུས་ཀྱི་ཕུག་ལམ་ཞིག་ཀྱང་ཡིན།  ཆོས་ལུགས་ལྟེ་བ་ནས་བོན་ཆོས་དར་ཡུལ་དང་།  མི་རིགས་མང་བའི་ཉིང་ཁྲི་ནས་བོད་མི་རིགས་ཀྱི་འབྱུང་གནས་ལྷོ་ཁ། ཆེས་སྔ་ཤོས་ཀྱི་དགོན་སྡེ་ནས་ཆེས་གནའ་བོའི་ཕོ་བྲང་བཅས་བར་མིའི་རིགས་ཀྱི་ལོ་རྒྱུས་རིང་བ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཧ་ཅང་ཟབ་མོ་ལྡན་ཡོད།  ལམ་ཐིག་ཧྲིལ་པོ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཡུལ་སྐོར་ལམ་ཐིག་ཅིག་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན།  བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དེ་འདི་ལོའི་ལོ་མཇུག་གོང་བསྐྲུན་མཇུག་འགྲིལ་རྗེས་སྤྱོད་འགོ་ཚུགས་རྒྱུ་ཡིན་ཞིང་།  ཤར་སྐོར་ལམ་གྱི་འགྲིམ་འགྲུལ་ལེགས་གཏོང་རིམ་སྤོར་བྱས་པ་དེས་ཡུལ་སྐོར་བ་དེ་བས་མང་བས་བོད་ཀྱི་ཁྱད་ལྡན་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་པ་དང་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་བསྐྱར་ཟློས་མི་ཡོང་བ་ཐུབ་རྒྱུ་རེད།

    བོད་དབུས་རྒྱུད་ཀྱི་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས་ཡུན་རིང་མ་འགོར་བར་བོད་ཀྱི་ཡུལ་སྐོར་གྱི་ཤར་སྐོར་ལམ་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ལམ་ཐིག་རྩེ་གྲ་ཞིག་ཏུ་འགྱུར་རྒྱུར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།