དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱིས་ཡུལ་སྐོར་གྱི་བདེ་བགྲོད་ལམ་བུའི“མཐའ་མའི་འགག་གནད”ཤར་གཏོང་བྱ་རྒྱུ་ཡིན་པ།

  •     སྤེལ་དུས།  2015-09-21

    མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་གྱི་ཡུལ་སྐོར་སྐུལ་སྤེལ་ཚོགས་འདུའི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་གྱིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་དང་ཡུལ་སྐོར་གྱི་བདེ་བགྲོད་ལམ་བུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ནས། ཞིང་ཆེན་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་ཡིནཔ་རེད། མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག་ད་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་བའི་དགོས་མཁོའི་དབར་ད་དུང་ཧེ་བག་ཆེན་པོ་ཡོད་པས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད། དུས་མཚུངས་མཚོ་སྔོན་གྱིས་འགྲིམ་འགུལ་མཚོན་རྟགས་དང་། ལྟ་སྐོར་སྣེ་ཤན་ས་བཀྲ། ངལ་གསོ་ས་ཚིགས་ཀྱི་སྒྲིག་བཀོད་བཅས་འཐུས་ཚང་དུ་བཏང་ནས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། ཟི་ལིང་དང་། རྒྱ་མདོ། དེ་བཞིན་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་ཡུལ་ལྗོངས་ཁུལ་དབར་གྱི་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནས། ཡུལ་ལྗོངས་ཁུལ་དང་ཤང་གྲོང་གི་ཡུལ་སྐོར་འཁོར་རིགས་འཇོག་ས་སྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།