རྒྱལ་ལམ་318མཛོ་སྒང་དུམ་བུར་འགྲིམ་འགྲུལ་བཀག་སྡོམ་བྱས་པ།
ཉེ་ཆར“‘རྒྱལ་ལམ་318’ཀྱི་མཛོ་སྒང་དུམ་བུར་དུས་ཚོད་ཚོད་འཛིན་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན”ཞེས་པའི་གནས་ཚུལ་ཞིག་མགྱོགས་པོ་ཁྱབ་པ་དེ་བདེན་མིན་ར་སྤྲོད་དང་གྲོང་མི་ཕྱིར་སྐྱོད་བྱ་རྒྱུར་གནད་ལ་འཁེལ་བའི་འགྲིམ་འགྲུལ་གསལ་བརྡ་ཞིག་སྤེལ་ཆེད། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་རྒྱལ་མཚན་ལ་འབྲེལ་བ་བྱས་པ་དང་། ཅུས་ཀྲང་རྡོ་རྗེས་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་རྒྱལ་ལམ་318ཁྲོན་བོད་གཞུང་ལམ་གྱིས(བོད་ལྗོངས་ས་ཁོངས)མཛོ་སྒང་དུམ་བུའི་ལམ་ངོས་བཀོད་སྒྲིག་ལས་གྲྭའི་རྣམ་གྲངས་དོ་དམ་གཞུང་དོན་ཁང་དང་མཉམ་འབྲེལ་བྱས་ནས་སྤྱི་བསྒྲགས་སྤེལ་ཏེ་རྒྱལ་ལམ་318ཁྲོན་བོད་གཞུང་ལམ(བོད་ལྗོངས་ས་ཁོངས)གྱི་མཛོ་སྒང་དུམ་བུའི་ལམ་ངོས་བཀོད་སྒྲིག་ལས་གྲྭའི་དུང་མདའ་རི་བོའི་ནུབ་ངོས་ཀྱི(K3575+700)ནས་ཐེམ་ཐོག་གྲོང་ཚོའི(K3651+330)དུམ་བུ་བར་གྱི་སྤྱི་ལེ་74ལྷག་ཙམ་ཟིན་པའི་ལམ་ཧྲིལ་པོར་དུས་ཚོད་ཚོད་འཛིན་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་བྱས། ཅུས་ཀྲང་རྡོ་རྗེས་བཀག་སྡོམ་བྱེད་རིང་འཕྲུལ་སྒུལ་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཚང་མ་སྐྱོད་ཆོག་གི་མེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་རྒྱལ་ལམ་318མཛོ་སྒང་དུམ་བུར་དུས་ཚོད་ཚོད་འཛིན་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་པའི་གནས་ཚུལ་ཟླ་9ཚེས་8ཉིན་སྤེལ་བ་དང་འགྲིམ་འགྲུལ་བཀག་སྡོམ་དེ་ཁྱོན་དུས་མཚམས་གཉིས་སུ་ཕྱེ་བ་དང་ཉིན་ལྟར་སྔ་དྲོའི་ཆུ་ཚོད་8པ་ནས་ཉིན་གུང་གི་ཆུ་ཚོད་12པའི་བར་དང་ཕྱི་དྲོའི་ཆུ་ཚོད་2པ་ནས་དགོང་མོའི་ཆུ་ཚོད་8དང་ཕྱེད་ཀའི་བར་བཀག་སྡོམ་བྱ་རྒྱུ་དང་། ཉིན་གུང་གི་ཆུ་ཚོད་12པ་ནས་ཕྱི་དྲོའི་ཆུ་ཚོད་2དང་ཕྱེད་ཀའི་བར་དང་དེ་བཞིན་དགོང་མོའི་ཆུ་ཚོད་8དང་ཕྱེད་ཀ་ནས་ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་8པའི་བར་རྒྱུན་གཏན་བཞིན་ཤར་གཏོང་བྱེད་ཐུབ་པ་དང་། བཀག་སྡོམ་བྱེད་པའི་དུས་ཚོད་ནི་2015ལོའི་ཟླ་9ཚེས་10ནས་2015ལོའི་ཟླ་10ཚེས་31ཉིན་བར་ཡིན་པ་རེད།