དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུན་ནན་རྡོ་མཁར་གནའ་གྲོང་གེགས་རྗེས་སུ“སྔར་ཡོད་ཇི་བཞིན་གསར་སྐྲུན”བྱས་ཟིན་པ།

  •     སྤེལ་དུས།  2015-09-10

    མི་དམངས་དྲ་བའི་འཕྲིན། ཡུན་ནན་རྡོ་མཁར་གནའ་གྲོང་གི་གྲོང་མིའི་སྡོད་ཁང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་འགོ་ཚུགས་ནས་ལོ་གཅིག་སོང་བའི་མཚམས་སུ་རྡོ་མཁར་གནའ་གྲོང་གི“1•11” མེ་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། གནའ་གྲོང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་སྤེལ་བརྟན་པོ་བཏང་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

    གནའ་གྲོང་མེ་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཁང་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་རྒྱུས་ལ་བརྩི་འཇོག་དང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་བྱས་ནས་སྔར་ཡོད་ཇི་བཞིན་བསྐྲུན་པ་དང་། སྔར་ཡོད་ཇི་བཞིན་གསར་སྐྲུན། བསྐྱར་སྐྲུན་དང་ལེགས་གཏོང་གལ་ཆེ་མཉམ་དུ་འཛིན་པའི ”རྩ་དོན་གཞིར་བཟུང་སྟེ་ས་གནས་དེ་གས་མེ་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་ཏེ་སླར་གསོ་བསྐྱར་སྐྲུན་ལོ་གསུམ་བྱེད་པ་དང་། མ་དངུལ་སྒོར་དུང་ཕྱུར་12 བཏང་ནས“སེམས་ཀྱི་ཉི་ཟླའི་བདེ་སྐྱིད་འདོད་མཐུན་གྲོང”ཞིག་ཏུ་བསྐྱར་སྐྲུན་བྱེད་རྒྱུ་བཏོན་པ་རེད།

    “གཅིག་གྱུར་འཆར་འགོད་དང་རང་རྟེན་བསྐྱར་བསྐྲུན་”བྱེད་ཐབས་ལྟར་གནའ་གྲོང་གི་གྲོང་མིའི་སྡོད་ཁང་བསྐྱར་སྐྲུན་དེ་2014ལོའི་ཟླ་8ཚེས་25ཉིན་དངོས་སུ་ལས་འགོ་ཚུགས་ཤིང་། མེ་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའི་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་དབྱང་ཅི་ཙུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐྱེ་ཁམས་སྲུང་སྐྱོང་དང་མེ་སྐྱོན་དང་ས་ཡོམ་སྔོན་འགོག་གི་དགོས་མཁོར་དམིགས་ཏེ་གནའ་གྲོང་སླར་གསོ་བསྐྱར་སྐྲུན་ཐད་ཁོར་ཡུག་སྲུང་སྐྱོང་ཅན་དང་ནུས་རྒྱུ་གྲོན་ཆུང་ཅན་གྱི་རྒྱུ་ཆས་སྲོལ་རྒྱུན་གྱི་ཤིང་ཆའི་ཚབ་བྱེད་པའི་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་གྱི་མ་བཅོས་རྒྱུ་ཆ་གཙོ་བོར་བྱེད་རྒྱུའི་ལྕག་སྐུལ་བཏང་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་7པར་གནའ་གྲོང་གི་གྲོང་མིའི་སྡོད་ཁང་ལ་གནོད་འཚེ་ཕྲན་བུ་ཕོག་པའི་དུད་ཚང་26གིས་རང་རང་གིས་ཉམས་བཟོ་ལེགས་གྲུབ་ཟིན་པ་དང་། གནོད་འཚེ་ཕོག་པའི་དུད་ཚང་68བསྐྱར་སྐྲུན་ལེགས་གྲུབ་ཟིན་པ། ཡོངས་སུ་མེས་ཚིག་པ་དང་རྦད་དེ་བཤིག་པའི་དུད་ཚང་152ཡོད་པའི་ཁྲོད་ཀྱི་དུད་ཚང་141བསྐྲུན་འགོ་ཚུགས་ཡོད་པ་རེད།

    ཁང་ཅན་ཧྭ་ཡིས“ལོ་གསུམ་ནང་གྲོང་མིའི་ཁང་པ་ཡོངས་བསྐྱར་སྐྲུན་བྱེད་རྩིས་ཡོད་ཀྱང་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ཡོད། ང་ཚོས‘རྒྱལ་སྟོན’རིང་བསྐྱར་སྐྲུན་ལེགས་གྲུབ་ཟིན་པའི་ཁུལ་ཁག་གཅིག་སྒོ་མོ་ཡུལ་སྐོར་བར་དབྱེ་རྒྱུ་མ་ཟད། འདི་ལོའི་ལོ་མཇུག་གོང་དུ་གེགས་ཁུལ་གྱི་བསྐྱར་སྐྲུན་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ་བྱས་ནས་ཡུལ་སྐོར་བར་སྒོ་མོ་དབྱེ་རྒྱུ་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།