དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སའི་གསོལ་མགྲོན་ཁང་།

  •     སྤེལ་དུས།  2015-09-07

    ལྷ་སའི་གསོལ་མགྲོན་ཁང་ནི་1984ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་བོད་སྐྱོར་ལས་གཞིའི་རྣམ་གྲངས་43གྱི་གྲས་ཤིག་ཡིན་ཞིང་། ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པ་རེད།1985ལོར་ལས་སྒོ་ཕྱེས་པ་དང་།1986ལོར་ཨ་རིའི་གུང་གསེང་ཚོགས་པས་བདག་དམ་བྱས་ཏེ་མིང་ལ་ལྷ་སའི་གུང་གསེང་གསོལ་མགྲོན་ཁང་ཞེས་སུ་བསྒྱུར་ཡང་།1997ལོར་ལྷ་སའི་གསོལ་མགྲོན་ཁང་དུ་བསྒྱུར།མགྲོན་ཁང་འདིར་ཐོག་བརྩེགས་དགུ་ཡོད་ལ།རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་7དང་།འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་6.2ཡོད་ཅིང་།ཤར་སྒོའི་ཚོམས་ཆེན་དང་།ལྷོ་བྱང་དབུས་བཅས་ཚད་ལྡན་གྱི་ཐོག་ཁང་གསུམ་དང་།ར་བ་དང་བཅས་པའི་སྲིད་འཛིན་རིམ་པའི་ཐོག་ཁང་གཉིས།ཚོམས་ཆེན།ཕྱིའི་ཆུ་རྐྱལ་རྫིང་བུ་སོགས་ཀྱིས་གྲུབ་ཡོད་ལ།ནུབ་ལུགས་དང་རྒྱ་ལུགས།བོད་ལུགས་བཅས་ཀྱི་ཁྱད་ཆོས་མངའ་བའི་ཁང་མིག་རབ་འབྲིང་460དང་།མལ་ཁྲི་806ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།