ཟི་ལིང་གིས་ལོ་མཇུག་ཏུ་ཤང་ཀང་དུ་གནམ་གྲུ་ཐད་གཏོང་གི་མཁའ་ལམ་གཏོད་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་པ་གཞིར་བཟུང་། མཚོ་སྔོན་གྱི་ཡུལ་སྐོར་དང་གནམ་ཐང་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ས་མཐོའི་གནའ་གྲོང་ཟི་ལིང་གིས་ལོ་མཇུག་ཏུ་ཤང་ཀང་དུ་གནམ་གྲུང་ཐད་གཏོང་གི་མཁའ་ལམ་གཏོད་རྒྱུ་ཡིན་པ་དང་། འཕུར་སྐྱོད་དུས་ཚོད་ཆུ་ཚོད་3ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཤང་ཀང་ནི་མཚོ་སྔོན་དུ་ཡུལ་སྐོར་དུ་ཡོང་མཁན་གལ་ཆེན་ཞིག་ཡིན་ཞིང་། འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་གྲང་འདམ་ར་དང་། རྩྭ་ཐང་། འཛམ་གླིང་ཐོག་གི་སྤྱི་གནོད་མེད་པའི་ས་གཙང་ཁུལ་བཅས་ནི་རང་རྒྱལ་གྱི་ལྷོ་རྒྱུད་ཁུལ་གྱི་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་པའི་གནས་ཤིག་རེད། དེ་སྔོན་ཤང་ཀང་གི་ཡུལ་སྐོར་བ་ཚོ་མཚོ་སྔོན་ཞིང་ཆེན་དུ་ཡོང་སྐབས་གནམ་གྲུ་བརྗེ་དགོས་ཀྱི་ཡོད་པ་དང་། རྟག་ཏུ་ཆུ་ཚོད་10ཙམ་འགོར་གྱི་ཡོད། ད་རེས་ཐད་འཕུར་མཁའ་ལམ་གཏོད་པ་དེས་ཡུལ་སྐོར་བ་ཚོའི་དུས་ཚོད་གྲོན་ཆུང་ཆེན་པོ་ཐུབ་ནས་ཡུལ་སྐོར་དང་རོལ་རྩེད་ཀྱི་དུས་ཚོད་དེ་བས་མང་བ་ཞིག་ཐོབ་རྒྱུ་ཡིན་པ་རེད།
མཚོ་སྔོན་གནམ་ཐང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའེ་པོ་ཕིང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་དུ་ཡོང་མཁན་གྱི་ཡུལ་སྐོར་བ་གློ་བུར་དུ་མང་དུ་ཕྱིན་པ་དང་ཆབས་ཅིག་ཟི་ལིང་གནམ་ཐང་དེ་རྒྱལ་ནང་གནམ་ཐང་གི་ཡུལ་སྐོར་ལྟེ་གནས་གལ་ཆེན་དུ་གྱུར་ཡོད། གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་མཁའ་ལམ་རྒྱ་བསྐྱེད་མྱུར་པོ་ཕྱིན་ཞིང་། ད་ཆ་རྒྱལ་ནང་གི་མཁའ་ལམ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་སུ་ཤར་གཏོང་ཐུབ་པ་མ་ཟད། ཕྱི་རྒྱལ་གྱི་མཁའ་ལམ་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།