ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་ཉིང་ཁྲིའི་ཁོངས་གཏོགས་ཀྱི་ངར་ལྕགས་རྐང་ཟམ་ཞིག་ཆུ་ལོག་གིས་གཏོར་བས་འགྲིམ་འགྲུལ་བར་མཚམས་ཆད་པ།
མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་སྤྱི་ཁྱབ་ཀུང་སིའི་ཟམ་ཆེན་ཅུས་ཀྱི་ཀུང་སི་དྲུག་པའི་ཁྲོན་བོད་གཞུང་ལམ་ལས་གཞིའི་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་8ཚེས་17ཉིན་གྱི་ཆུ་ཚོད་20དང་སྐར་མ་40ཡས་མས་སུ་ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་ཉིང་ཁྲིའི་ཁོངས་གཏོགས་ཀྱི་ངར་ལྕགས་རྐང་ཟམ་ཞིག་ཆུ་ལོག་གིས་གཏོར་བས་འགྲིམ་འགྲུལ་གྱི་བར་མཚམས་ཆད་པ་དང་། མིག་སྔར་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།