མངའ་རིས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་སྤེལ་འགོ་ཚུགས་པ།
ཟླ་8ཚེས་3ཉིན་གྱི་སྔ་དྲོ། མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་གྲོས་ཚོགས་ལྟེ་གནས་སུ་གཉེར་ཞིང་། དེ་ཐོག་ནས་ལོ་གཉིས་རེར་ཐེངས་གཅིག་སྤེལ་བའི་དུས་ཆེན་གཟབ་རྒྱས་དེ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་དེ་དུས་ཡུན་ཉིན་གསུམ་ཡིན་པ་དང་དེའི་རིང“མངའ་རིས་ཀྱི་ལྗོངས་གཟིགས་སྒང་མཛེས་ཤོས”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་གྲོལ་བའི་མཛད་སྒོ་སོགས་ལྟད་མོ་ཆེ་བའི་བྱེད་སྒོ་མང་དག་སྤེལ་རྒྱུ་རེད། འདི་ནི་མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་རིག་རྩལ་མཚན་ཚོགས་ཐོག་འཁྲབ་སྟོན་པ་ཚོས་《མངའ་རིས་ལ་སྨོན་འདུན་ཞུ》ཞེས་པའི་ལེ་ཚན་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།