2015ལོའི་ཟླ་6ཚེས་14ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་ཁོངས་སུ་ཟླ་དྲུག་པར་ཁ་བ་ལྷབ་ལྷུབ་ཏུ་བབས་ནས་ས་མཐོའི་རི་རྩེ་སྐད་ཅིག་ཉིད་དུ་ཁ་བའི་གོས་དཀར་གྱིས་བཀླུབས་ནས་གྲང་ངར་ཆེ་བའི་དགུན་དུས་སུ་སླེབས་པ་ལྟར་སྣང་ནའང་། རི་གཤམ་གྱི་མེ་ཏོག་དང་རྩྭ་སྔོན་ལ་ཉི་འོད་འཕྲོས་ཏེ་གང་སར་ལྗང་མདོག་གི་རྣམ་པ་ཞིག་མངོན་ནས་ཡུལ་སྐོར་བར་ངོ་མཚར་གྱི་སྣང་བ་ཞིག་ངང་གིས་སྟེར།
ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་ས་མཐོའི་གཙང་པོའི་མགོ་ཁུངས་སུ་གནས་ཤིང་། འབྲི་ཆུ་དང་རྨ་ཆུ་གཉིས་བརྒལ་བ་དང་རྫོང་ཁོངས་ཀྱི་ནུབ་བྱང་རྒྱུད་ནི་གཡེར་མོ་ཐང་ཞིག་ཡིན་ལ་ས་རྒྱ་ཆེ། ཤར་ལྷོའི་རི་བོ་བརྩེགས་མར་གནས་པ་དང་རྫོང་ཁོངས་ཀྱི་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པ་དང་རྫོང་གྲོང་གི་ས་བབ་སྨི་4226ཟིན། ལོའི་ཆ་སྙོམས་དྲོད་ཚད་-3.3℃ཟིན་པ་དང་ལོའི་ཆ་སྙོམས་ཆར་པ་འབབ་ཚད་ཧོའོ་སྨི་380-470ཡིན། ཟླ་དྲུག་པར་ཁ་བ་བབས་པ་ནི་ཡུལ་འདིར་མཚོན་ན་རྒྱུན་གཏན་ཞིག་རེད།