དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་མེ་ཏོག་རྫོང་གི་རྐང་ཐང་མའི་ཡུལ་སྐོར་ལམ་ཐིག་ཕྱི་ཕྱོགས་ལ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-06-17

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ནས་གནས་ཚུལ་ཤེས་རྟོགས་བྱུང་གསལ། གནམ་གཤིས་དྲོ་རུ་ཕྱིན་པས་གངས་གསོག་རྩ་བའི་ཆ་ནས་བཞུར་ཟིན་པ་མ་ཟད་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་འགྲོ་བས། མེ་ཏོག་རྫོང་གི་ཡུལ་སྐོར་ཚན་པས་རྫོང་འདི་གའི་ཕད་གྲོང་རྡལ་ནས་འབྲས་སྤུངས་གྲོང་ཚོ་བར་གྱི་རྐང་ཐང་མའི་ལམ་ཐིག་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དང་མི་རེར་སྤ་སེའི་རིན་གོང་སྒོར་160ཡིན་པ་རེད།  

    ངོ་སྤྲོད་བྱས་པར་གཞིགས་ན། ཕད་གྲོང་རྡལ་ནས་འབྲས་སྤུངས་གྲོང་ཚོའི་རྐང་ཐང་མའི་ལམ་ཐིག་ཁྱོན་ཡོངས་ལ་རིང་ཚད་སྤྱི་ལེ་90ཡོད་པ་དང་མཛེས་ལྗོངས་ལྟ་ན་སྡུག་ལ་བདེ་འཇགས་ཚད་གཞི་ཅུང་ཆེན་པོ་ཡོད་པ་མ་ཟད་འགྲན་སློང་གྱི་རང་བཞིན་ཡང་ཆེན་པོ་ཡོད།ལོ་ལྟར་ཟླ་བ་11པར་སླེབས་སྐབས་གངས་འབབ་པའི་གནམ་གཤིས་རྒྱུན་མཐུད་བསྟན་པའི་དགུན་ཁའི་དུས་ཚིགས་ཟིན་རྗེས་རྐང་ཐང་མའི་ལམ་ཐིག་ཚང་མ་གངས་གསོག་གིས་འགག་འགྲོ་ཡི་ཡོད། ཡུལ་སྐོར་བ་ཚོའི་བདེ་འཇགས་ཀྱི་ཆེད་དུ་ས་གནས་འདི་གའི་ཡུལ་སྐོར་ཚན་པས་དགུན་ཁ་དང་དཔྱིད་ཁའི་དུས་ཚིགས་སྐབས་རྐང་ཐང་མའི་ལམ་ཐིག་སྒོ་བརྒྱབ་ཀྱི་ཡོད།

    མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་ཁུལ་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་ཤིང་། ཚ་བའི་ས་ཁུལ་གྱི་རླན་གཤེར་ཆེ་བའི་གནམ་གཤིས་ཁོངས་སུ་གཏོགས་ཀྱི་ཡོད། མེ་ཏོག་གཞུང་ལམ་ནི་2013ལོར་ཤར་གཏོང་ཐུབ་པ་དང་ཀྲུང་གོའི་གཞུང་ལམ་ཤར་གཏོང་ཐུབ་པའི་གྲོང་ཚོ་མཇུག་ཤོས་དེ་ཡིན་པ་རེད། གཞུང་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་ཧ་ཅང་མང་པོ་མེ་ཏོག་རྫོང་དུ་སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་རྐང་ཐང་མར་ཡུལ་སྐོར་བྱེད་པར་ཡོང་གི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།