དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་ལྕགས་ལམ་ཀུང་སིས་ལྷ་ས་ནས་ཟི་ལིང་བར་གྱི་སྐབས་འཕྲལ་མེ་འཁོར་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-10

    ཉིན་ཤས་གོང་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཡུལ་སྐོར་འགྲུལ་རྒྱུན་གྱི་དགོས་མཁོ་སྐོང་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་6ཚེས་5ཉིན་ནས་བཟུང་ལྷ་ས་ནས་ཟི་ལིང་བར་ཐད་གཏོང་མེ་འཁོར་གཏོང་ཐེངས་མང་དུ་བཏང་ནས་རྒྱ་ཆེའི་འགྲུལ་པ་ཚོར་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་རོགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་ཟླ་6ཚེས་5ནས་ཚེས་28ཉིན་བར་ཟི་ལིང་ནས་ལྷ་ས་བར་ཉིན་ལྟར་Z9815རྟགས་ཅན་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་དང་། ཟླ་6ཚེས་6ནས་ཚེས་29ཉིན་བར་ལྷ་ས་ནས་ཟི་ལིང་བར་ཉིན་ལྟར་Z9816རྟགས་ཅན་གྱི་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ཡོད། དེ་མིན་ད་དུང་ཟླ་6ཚེས་1ནས་ཚེས་30ཉིན་བར་ཟི་ལིང་ནས་མན་ཡོན་བར་ཉིན་ལྟར་D8901/2དང་D8907/8རྟགས་ཅན་གྱི་ཤུགས་འགྲེམས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་དང་། ཟླ་6ཚེས་5དང་། ཚེས་6 ཚེས་7 ཚེས་12 ཚེས་13 ཚེས་14 ཚེས་19 ཚེས་20 ཚེས་21 ཚེས་26 ཚེས་27 ཚེས་28ཉིན(གཟའ་འཁོར་རེའི་གཟའ་པ་སངས་དང་། གཟའ་སྤེན་པ། གཟའ་ཉི་མ་བཅས་ཡིན་པ)ལ་ཟི་ལིང་ནས་མན་ཡོན་བར་ཉིན་ལྟར་D8905/6རྟགས་ཅན་གྱི་ཤུགས་འགྲེམས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ཡོད།

    མཚོ་བོད་ལྕགས་ལམ་ཀུང་སིས་རྒྱ་ཆེའི་འགྲུལ་པ་ཚོར་གོང་གསལ་གྱི་མེ་འཁོར་ལ་སྡོད་མཁན་འགྲུལ་པ་ཚོས་12306དྲ་ཚིགས་བརྒྱུད་མེ་འཁོར་གཏོང་བའི་ཆ་འཕྲིན་འདྲི་རྩད་བྱེད་ཆོག་པ་དང་། 12306དྲ་ཚིགས་དང་། མཁོ་མཁན་ཕྱོགས། ཁ་པར། མེ་འཁོར་བབས་ཚུགས། ཚབ་འཚོང་ས་ཚིགས་ཀྱི་སྐར་ཁུང་སོགས་བརྒྱུད་སྤ་སེ་ཉོས་ནས་ཕྱིར་སྐྱོད་རྒྱུར་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།