དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་དུས་བཀག་ལྟར་ཤར་བགྲོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-02

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རིང་ཚད་ཡོངས་ལ་སྤྱི་ལེ་8.73ཡོད་པའི་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་དུས་བཀག་ལྟར་ཤར་བགྲོད(དེའི་ནང་བསྐལ་ལ་ཕུག་ལམ་གྱི་རིང་ཚད་ཡོངས་ལ་སྨི་2448དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་རིང་ཚད་ཡོངས་ལ་སྨི་3788ཡོད་པ)ཐུབ་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད།

    གོང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་དེ་ནི་རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། 2014ལོའི་ཟླ་6ཚེས་1ཉིན་ལས་འགོ་བཙུགས་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་2015ལོའི་ཟླ་5ཚེས་31ཉིན་གོང་དུ་བསྐྲུན་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་ལ་དམ་པོར་གཞིགས་ནས་ལས་གྲྭ་འཛུགས་སྐྲུན་གྱི་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཀྱི་མདུན་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཞིབ་འཇུག་ནན་ཏན་བྱས་ནས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། སྒྲིག་འཛུགས་ནན་ཏན་བྱེད་པ། སྤུས་ཚད་དང་། བདེ་འཇགས། ལས་ཡུན། ཤར་གཏོང་བཅས་འགན་ལེན་བྱས་ཐོག་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་དང་དེ་བཞིན་ལམ་རྒྱུད་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག་འཛུགས་སྐྲུན་ཚན་པ་ཁག་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་2015ལོའི་ཟླ་5ཚེས་31ཉིན་རིང་ཚད་ཡོངས་ལ་སྤྱི་ལེ་8.73ཡོད་པའི་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་དུས་བཀག་ལྟར་ཤར་བགྲོད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།