དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གླུ་གར་གྱི་ཕ་ས། མཛེས་པའི་ཡུལ་ཤུལ།

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2015-05-27

    F2015052714341526667303409.jpg

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་26ཉིན་གྱི་སྔ་དྲོར་ཡུལ་ཤུལ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་སྤེལ་འགོ་བརྩམས་པ་དང་། ཉིན་དེའི་ཕྱི་དྲོར་ཡུལ་ཤུལ་ཡུལ་ཆོས་གླུ་གར་ཚོགས་པ་དང་མི་རིགས་གླུ་གར་ཚོགས་པ་གཉིས་ཀྱིས་ལྟེ་བའི་ཐང་ཆེན་དུ་གླུ་གར་འཁྲབ་སྟོན་བྱས་པ་རེད། ཚེས་26 ཉིན་དང་ཚེས་27ཉིན་ལ་ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པའི་གླུ་གར་འཁྲབ་སྟོན་དང་། ཡུལ་ཆོས་གླུ་གར་ཚོགས་པའི་གླུ་གར་འཁྲབ་སྟོན། སྐྱེ་ཁམས་སྤྱི་ཚོགས་རིག་གནས་སྣ་ཚོགས་ཀྱི་པར་རིས་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་ཡུལ་དངོས་སུ་འཁྲབ་སྟོན། ཡུལ་ཐོན་ཁྱད་རྫས་འགྲེམས་ཚོང་བཅས་ཀྱི་བྱེད་སྒོ་ཟི་ལིང་ལྟེ་བའི་ཐང་ཆེན་དུ་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།