དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • པེ་ཅིང་ལྕགས་ལམ་ཅུས་ཀྱིས་མཚོ་བོད་རང་འདོད་འཁོར་གཏོང་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་གཉིས་སུ་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་ཚིགས་ཤར་ལ་ཉེ་བ་དང་ཆབས་ཅིག་ཚེས་11ཉིན་གསར་འགོད་པས་པེ་ཅིང་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱས་པར། མཚོ་བོད་རང་འདོད་འཁོར་གཏོང་སྐྱེལ་འདྲེན་ཇུས་གཞི་གཏན་འཁེལ་བྱུང་བ་དང་འབྲེལ་བློ་འདྲི་དང་ལེན་བྱེད་འགོ་ཚུགས་ལ་འགྲོ་ལུགས་ཀྱང་གཉེར་འགོ་ཚུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་མཚོ་བོད་རང་འདོད་འཁོར་གཏོང་ཡུལ་སྐོར་སྐྱེལ་འདྲེན་རྩ་འཛུགས་ལ་ཆ་མཚོན་ན། དེ་སྔོན་ལྕགས་ལམ་སྡེ་ཚན་གྱིས་རླངས་འཁོར་ཆེ་རིགས་དང་ཆུང་རིགས་གཉིས་སུ་ཕྱེ་ནས་འགྱུར་མེད་གླ་རིན་བསྡུ་བའི་རྨང་གཞིའི་ཐོག་ད་དུང་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཡོད་ཅིང་། ཁྱད་ཆོས་གསུམ་པོར་བརྟེན་ནས་སྤྱི་ཚོགས་ཐོག་གི་དམངས་ཚོགས་མི་འདྲ་བའི་དགོས་མཁོ་སྣ་ཚོགས་སྐོང་རྒྱུ་རེད།

    གཅིག འདོན་ས་དང་འཇུག་ས་མི་འདྲ་བ། ད་རེས་ཀྱི་མཚོ་བོད་རང་འདོད་འཁོར་གཏོང་ཡུལ་སྐོར་བྱེད་སྒོ་སྤེལ་རིང་རླངས་འཁོར་འདོན་འཇུག་བྱ་ཡུལ་ལོགས་སུ་འཛུགས་རྒྱུ་སྟེ། ཡུལ་སྐོར་བའི་རླངས་འཁོར་མཚོ་སྔོན་གྱི་ཟི་ལིང་དུ་འདོན་རྒྱུ་དང་བོད་ཀྱི་ལྷ་སར་འཇུག་རྒྱུ་རེད།

    གཉིས། སྐྱེལ་འདྲེན་ཇུས་གཞི་སྔར་བས་གང་ལ་གང་འཚམ་དང་། རླངས་འཁོར་སྐྱེལ་འདྲེན་བྱེད་པའི་ཐད་ཚུར་འདྲེན་ཕར་སྐྱེལ་བྱ་རྒྱུ་དང་ཡུལ་སྐོར་བས་མེ་འཁོར་དུ་སྡོད་པ་དང་། གནམ་གྲུར་སྡོད་པ། ཡང་ན་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་གཞན་པར་བརྟེན་པ་བཅས་ཀྱི་ཐོག་ནས་དམིགས་སར་བསྐྱོད་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་ཡིན་ཞིང་། བྱེད་སྟངས་དེ་སྔར་བས་སྟབས་བདེ་ལ་འཚམ་པོ་ཡོད་པ་རེད།

    གསུམ། ཞབས་འདེགས་ཞུ་རྒྱ་སྔར་བས་ཆེ་ལ་ལེགས་པ། མཚོ་སྔོན་དང་བོད་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་རིང་ལམ་ཐག་རིང་བ་དང་། དུས་ཚོད་རིང་བ། མཛེས་ལྗོངས་ས་ཚིགས་ཁ་གྲམ་པ་སོགས་ཀྱི་གནས་ཚུལ་དངོས་ལ་བསམ་གཞིག་བྱས་ཏེ་ལྕགས་ལམ་སྡེ་ཚན་གྱིས་མགྲོན་ཁང་དང་། མཛེས་ལྗོངས་ཁུལ་གྱི་གོང་ཁེའི་སྤ་སེ། ས་གནས་དེ་གའི་ཡུལ་སྐོར་སྣེ་ཤན་པ་སོགས་མཁོ་འདོན་བྱ་རྒྱུ་མ་ཟད། ད་དུང་དུས་ཐོག་ཏུ་མ་འབྱོར་བའི་ཡུལ་སྐོར་བ་ལ་སོགས་པར་འཕྲལ་སྡོམ་སྔོན་ཇུས་དང་འགན་ལེན་ཞབས་ཞུ་ཡང་མཁོ་འདོན་བྱ་རྒྱུ་སྟེ། བསུ་སྐྱེལ་བྱ་རྒྱུ་དང་། བཟའ་འཐུང་མཁོ་འདོན་བྱ་རྒྱུ། ཉེ་འཁོར་དུ་ལྟ་སྐོར་ལ་ཁྲིད་རྒྱུ་སོགས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།