དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་སྤྲོ་འཆམ་ཉིན་མོར་མཚོ་སྔོན་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་བཅག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-26

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། གསར་འགོད་པས་ཞིང་ཆེན་ཡུལ་སྐོར་སྤྲོ་འཆམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་5ཚེས་19ཉིན་ནི་ལོ་གཅིག་དུས་གཅིག་གི“ཀྲུང་གོའི་ཡུལ་སྐོར་སྤྲོ་འཆམ་ཉིན་མོ”ཡིན། ཉིན་དེར་ཞིང་ཆེན་དེ་ཡོངས་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་བཅག་པ་དང་ཐ་ན་སྒོ་འཛིན་མི་དགོས་པའི་གཟིགས་སྐྱོང་ལག་བསྟར་བྱས་ནས་གྲོང་མི་དང་ཡུལ་གཞན་གྱི་ཡུལ་སྐོར་བ་ཡུལ་སྐོར་སྤྲོ་འཆམ་བྱེད་པར་ཡོང་རྒྱུའི་ཡིད་འགུག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་ཡུལ་སྐོར་སྤྲོ་འཆམ་ཉིན་མོའི”ཉིན་དེར་མཚོ་སྔོན་པོའི་བྱེ་གླིང་དང་ལྷ་མོའི་ཁུག་མཛེས་ལྗོངས་ཁུལ་དུ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་དང་ཧྲིལ་ལོ་16མན་དང་ཧྲིལ་ལོ་60ཡན་གྱི་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་རིན་པ་མི་དགོས་པར་སྤྲོ་གསེང་ལྟ་སྐོར་བྱས་པ་དང་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་བས་སྒོ་འཛིན་གྱི་རིན་པ་ཕྱེད་ཀའི་གཟིགས་སྐྱོང་ལོངས་སྤྱོད་བྱས་ཤིང་། བྱ་གླིང་མཚེར་པ་རིའི་མཛེས་ལྗོངས་ཁུལ་སོགས་སུ་ཧྲིལ་ལོ་16མན་དང་ཧྲིལ་ལོ་60ཡན་གྱི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་རིན་པ་མི་དགོས་པར་སྤྲོ་གསེང་ལྟ་སྐོར་བྱས་པ་རེད། ཟི་ལིང་གྲོང་ཁྱེར་ནང་ཁུལ་གྱི་ས་མཐོའི་མུ་ཏིག་དང་། ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་ག བོད་རིགས་ཀྱི་རིག་གནས་ཁང་། སྟོང་སྐོར་མཛེས་ལྗོངས་ཁུལ་སོགས་སུ་སྒོ་འཛིན་མི་དགོས་པའམ་ཡང་ན་སྒོ་འཛིན་གྱི་རིན་པ་ཕྱེད་ཀའི་གཟིགས་སྐྱོང་གི་བྱེད་ཐབས་སྤྱད་པ་རེད།

    གཞན་ཡང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་གྱིས་ད་དུང་མཚོ་སྔོན་པོའི་ལྷོ་ངོགས་སུ“མཛེས་པའི་མཚོ་སྔོན་པོ”ཞེས་པའི་བརྗོད་དོན་གཙོ་བོའི་ཡུལ་སྐོར་སྤྲོ་འཆམ་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བར་བོད་རིགས་ཀྱི་གླུ་གར་རིག་རྩལ་འཁྲབ་སྟོན་དང་། མི་རིགས་ཀྱི་ཁྱད་ལྡན་ཟས་མཆོག་གི་བྲོ་བ་ལྟ་བ། “མཛེས་པའི་མཚོ་སྔོན་པོ”ཞེས་པའི་པར་རྒྱག་འགྲེམས་སྟོན། བོད་རིགས་ཀྱི་གྱོན་ཆས་འགྲེམས་སྟོན། དེ་བཞིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་སོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།