དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོར་ཡུལ་སྐོར་བྱེད་མང་བའི་དུས་སུ་སླེབས་པ་དང་བསྟུན་ནས་རང་འདེམས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་འདི་ལོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་མཚོ་སྔོན་པོ་འགྲུལ་སྐྱེལ་ཡན་ལག་ཀུང་སི་བཙུགས་ཏེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མང་བའི་དུས་སུ་ཡུལ་སྐོར་བ་ཚང་མར་སྣེ་ལེན་ཞུ་ཐུབ་པ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་འགྲུལ་སྐྱེལ་ཡན་ལག་ཀུང་སིས་མཚོ་སྔོན་པོ་ཨར་ལང་ཅན་འགྲུལ་སྐྱེལ་ས་ཚིགས་དང་མཚོ་སྔོན་པོ་ཧྲ་ཏའོ་འགྲུལ་སྐྱེལ་ས་ཚིགས་བཙུགས་ཡོད། ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚིགས་ནས་ཆུ་ཚོད་7∶30—ཆུ་ཚོད་16བར་ཨར་ལང་ཅན་འགྲུལ་སྐྱེལ་ས་ཚིགས་ཕྱོགས་སུ་ཉིན་ལྟར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཐེངས་དྲུག་འགྲོ་འོང་བྱེད་ཀྱི་ཡོད་པ་དང་།ཨར་ལང་ཅན་འགྲུལ་སྐྱེལ་ས་ཚིགས་ནས་ཆུ་ཚོད་10∶30—ཆུ་ཚོད་14བར་ཧྲ་ཏའོ་འགྲུལ་སྐྱེལ་ས་ཚིགས་ཕྱོགས་སུ་ཉིན་ལྟར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཐེངས་གཅིག་འགྲོ་འོང་བྱེད་ཀྱི་ཡོད་པ། ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚིགས་ནས་ཆུ་ཚོད་9∶30—ཆུ་ཚོད་15བར་ཧྲ་ཏའོ་འགྲུལ་སྐྱེལ་ས་ཚིགས་ཕྱོགས་སུ་ཉིན་ལྟར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཐེངས་གཅིག་འགྲོ་འོང་བྱེད་ཀྱི་ཡོད་པ་བཅས་མཚོ་སྔོན་པོ་ཡུལ་སྐོར་ཚོགས་པས་ཁྱབ་བསྒྲགས་བྱས་པའི་འགྲུལ་སྐྱེལ་དུས་ཚོད་རེའུ་མིག་ཐོག་ནས་གསར་འགོད་པས་མཐོང་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་འགྲུལ་སྐྱེལ་ཡན་ལག་ཀུང་སིས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བྱེད་མང་བའི་དུས་ཀྱི་འགྲུལ་བཞུད་བྱེད་ཚད་གཞིར་བཟུང་ཆེད་སྤྱོད་ལམ་ཐིག་གི་རླངས་འཁོར་དང་རླངས་འཁོར་ཐོན་པའི་དུས་ཚོད་བབ་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།