དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་ཁྲོམ་རའི་འོས་འགན་ལྟ་སྐུལ་པ་30གདན་ཞུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-22

    ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡུན་ནན་བདེ་ཆེན་ཀྲོའུ་ཡི་ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར། 2015ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བྲིན་ཚོང་འོས་སྦྱོར་དང་ཡུལ་སྐོར་ཁྲོམ་རའི་འོས་འགན་ལྟ་སྐུལ་བ་གདན་འདྲེན་ཞུས་པའི་བྱེད་སྒོ་སྤེལ་བ་རེད། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་30གདན་ཞུ་བྱས་པ་མ་ཟད། བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་གདན་ཞུའི་ཡི་གེ་དང་ལག་ཁྱེར་ཡང་བླངས་པ་རེད།

    བདེ་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུན་ཧུང་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གདན་ཞུ་བྱས་པའི་ལྟ་སྐུལ་པས་ལས་དོན་ལ་ལྟ་སྐུལ་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ས་ཆ་དེ་རང་དུ་ཐད་ཀར་འབྲེལ་ཡོད་ཡུལ་སྐོར་གཉེར་སྐྱོང་པ་དང་ཡུལ་སྤོར་ལས་ཞུགས་མི་སྣར་དྲན་སྐུལ་དང་གོ་སྐོན་བློ་འགུག་བྱེད་ཆོག་ལ་ཡུལ་སྐོར་དོ་དམ་སྡེ་ཚན་ནམ་ཡང་ན་གོང་རིམ་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་ཞུ་ཡང་ཆོག སྤྱི་ཚོགས་ལྟ་སྐུལ་པས་ཞུས་པའི་གནད་དོན་དང་། བཏོན་པའི་བསམ་འཆར་དང་གྲོས་འགོར་རིམ་ཁག་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲིའི་དབང་ཚད་དུས་ཐོག་དང་འོས་འཚམ་ངང་ཐག་གཅོད་བྱེད་པ་དང་། སྡེ་ཚན་དེ་གའི་འགན་འཁྲིའི་ཁོངས་སུ་མ་གཏོགས་པ་རྣམས་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་པ་མ་ཟད། ཐག་གཅོད་བྱ་ཚུལ་དེ་ཉིན་20ཡི་ནང་ཚུན་དུ་སྤྱི་ཚོགས་ལྟ་སྐུལ་པར་ཕྱིར་ལན་སློག་རྒྱུ་ཡིན་པ་རེད།

    ལྟ་སྐུལ་པར་ལས་དོན་སྔར་བས་སྤེལ་བདེ་པོ་ཡོང་ཆེད། བདེ་ཆེན་ཀྲོའུ་ཡིས་ལྟ་སྐུལ་པ་མི་རེ་ངོ་རེར《ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་སྤྱི་ཚོགས་ལྟ་སྐུལ་པའི་ལས་ཀའི་ལག་དེབ》བཟོས་པ་མ་ཟད། ཞིང་ཆེན་དེ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། སྐར་མ་རིམ་པའི་གསོན་མགྲོན་ཁང་སོགས་ཡུལ་སྐོར་གཉེར་སྐྱོང་ཚན་པར་སྤྱི་ཚོགས་ལྟ་སྐུལ་པས་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱེད་དགོས་པ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་སྤྱི་ཚོགས་ལྟ་སྐུལ་པས་ལག་ཁྱེར་སྟོན་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་ནང་ལྟ་སྐུལ་ལས་དོན་སྤེལ་བར་སྐྱོད་སྐབས་སྒོ་འཛིན་བསྡུ་མི་རུང་བའི་བླང་བྱ་བཏོན་ཡོད།

    བདེ་ཆེན་ཕྱོགས་ཀྱིས་ལྟ་སྐུལ་པས་ལག་ཁྱེར་འཁྱེར་ནས་ལྟ་སྐུལ་བྱེད་སྐབས་འགན་འཁྲི་བསྒྲུབ་རྒྱུ་དང་འབྲེལ་བ་མེད་པའི་བྱེད་སྒོ་སྤེལ་མི་ཆོག་པ་དང་། ལྟ་སྐུལ་བྱ་ཡུལ་ནས་རྒྱུ་ནོར་ལེན་མི་ཆོག་པ། ལྟ་སྐུལ་པའི་ཐོབ་ཐང་སྤྱད་ནས་ཁེ་ཕན་དོན་གཉེར་བྱེད་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད། 2015ལོའི་ཟླ་5ཚེས་18ཉིན་ནས་བཟུང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་སྤྱི་ཚོགས་ལྟ་སྐུལ་པས《ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་སྤྱི་ཚོགས་ལྟ་སྐུལ་པའི་འགན་འཁྲི་དང་ལས་དོན་སྒྲུབ་སྟངས(ཚོད་ལྟའི་ལག་བསྟར)》གཞིར་བཟུང་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།