ལྷ་ས་གྲོང་ཁྱེར་གྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པ།
གྲོང་ཁྱེར་གྱི་ཤེས་དཔལ་གཟུགས་བརྙན་ལེགས་སུ་དང་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་བཏང་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སླར་ཡང་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་དང་ཞིབ་བཤེར་བྱེད་པའི་ཁྲོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཕྱི་ལས་རུ་ཆེན་གྱིས་ཁྱོན་རླངས་འཁོར་4བཀག་ཉར་བྱས་པའི་ནང་ལག་ཁྱེར་མེད་པ་1དང་། ཆང་བཏུང་འཁོར་གཏོང་1 ཁ་ལོ་བའི་ལག་ཁྱེར་འཁྱེར་མེད་པ་2བཅས་ཡོད་པ་དང་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཁག་41ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།
ལོ་མང་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལྟ་སྐུལ་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་དང་། གཙོ་གནད་མངོན་གསལ་དོད་པོ་དང་སྤྱི་ཡོངས་ལ་སྐུལ་མ་གཏོང་བ”ལས་ཀའི་དམིགས་ཚད་དུ་བྱས་ཏེ“ཐར་པར་གཏན་ནས་མི་གཏོང་བ”དང་དེ་བཞིན“རྡུང་རྡེག་ནན་པོ་དང་། ཐག་གཅོད་ནན་པོ། དོ་དམ་ནན་པོ། སྔོན་འགོག་ནན་པོ”བཅས་ཀྱི་ལས་ཀའི་རྣམ་པ་མཐའ་འཁྱོངས་ཀྱིས་ལས་རེས་དང་། སྐོར་སྐྱོད་ལས་སྒྲུབ། ལམ་ངོས་སུ་སྐོར་ཞིབ། ལམ་ཁར་ལས་སྒྲུབ། སྒུལ་བདེའི་པར་ལེན་སོགས་དོ་དམ་དང་ཚོད་འཛིན་བྱེད་ཐབས་བརྒྱུད་གྲོང་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་བ་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཙང་བཟོ་བྱས་པ་མ་ཟད་ལྷག་དོན་དུ་དུས་ཆེན་དང་ངལ་གསོའི་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ཉེན་རྟོག་པ་ཡོངས་སྐུལ་སློང་དང་། སྡེ་ཚན་མཉམ་འགུལ། རྡུང་རྡེག་དང་སྔོན་འགོག་མཉམ་སྤྱོད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གནད་གཏན་འཁེལ་དང་སྐོར་སྐྱོད་ལས་སྒྲུབ་ཕན་ཚུན་ཟུང་འབྲེལ་དང་གནས་ཚུལ་ཐོན་མང་ཁུལ་དུ་བཅའ་སྡོད་དང་གང་སར་སྐོར་སྐྱོད་སོགས་ཀྱི་བྱ་ཐབས་སྤྱད་དེ་ལམ་དུམ་བུ་གཙོ་བོར་གློག་དམར་བརྒལ་བ་དང་། ཁ་ཕྱོགས་འཛོལ་ནས་བསྐྱོད་པ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ཆང་བཏུང་འཁོར་གཏོང་སོགས་མངོན་གསལ་དོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གནད་དོན་གཅིག་ཤེས་འཕྲལ་དེ་མ་ཉིད་དུ་ཞིབ་བཤེར་ཐག་གཅོད་ཐུབ་པ་བྱས་པ་རེད།