དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཐའེ་ཡོན་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-19

    ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་15ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་ཚོང་འགུགས་རྣམ་གྲངས་འོས་སྦྱོར་ཚོགས་འདུ་ཧྲན་ཤིས་ཐའེ་ཡོན་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་ཀན་ལྷོ་ཀྲོའུ་ཡུལ་སྐོར་ཅུས་ཀྱིས་ཀན་ལྷོ་ཀྲོའུ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་དང་བསང་ཆུ་རྫོང་ཡུལ་སྐོར་ཅུས་ཀྱིས་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པ་མ་ཟད། དུས་སྟོན་བྱེད་སྒོའི་ཆ་འཕྲིན་ཡང་སོ་སོར་ཡོངས་བསྒྲགས་བྱས་པ་དང་། ཀན་ལྷོ་བསང་ཆུ་གནམ་ཐང་གིས་མཁའ་ལམ་དང་དེ་བཞིན་ཡུལ་སྐོར་ཚོགས་པའི་གཟིགས་སྐྱོང་བྱ་ཐབས་འོས་སྦྱོར་བྱས་པ། བསང་ཆུ་དུང་དཀར་བོད་རིགས་རིག་གནས་ཐོན་ལས་གླིང་གིས་ཐོན་ལས་གླིང་དེའི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཡོངས་བསྒྲགས་བྱས་པ་རེད།

    ཚེས་15ཉིན་གྱི་དགོང་མོ་བསང་ཆུ་རྫོང་གླུ་གར་ཚོགས་པས་ཐའེ་ཡོན་གྲོང་ཁྱེར་གྱི་ལྔ་གཅིག་ཐང་ཆེན་དུ་ཐའེ་ཡོན་གྱི་གྲོང་མིར《རྨི་ལམ་ནང་གི་བླ་བྲང》དང་། 《མཛེས་སྡུག་ལྡན་པའི་ཀན་ལྷོའི་རྩྭ་ཐང》 《བོད་ཡུལ་གྱི་རོལ་ཆ་རྔ》སོགས་སྲོལ་རྒྱུན་གྱི་དམངས་སྲོལ་གླུ་གར་འཁྲབ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།