མི་དམངས་དྲ་བའི་འཕྲིན། “མཚོ་སྔོན་གྱི་ཞིང་ལས་ཡིད་རྟོན་བུམ་པའི”རྐང་འཁོར་བཞོན་ནས་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་འགྲན་བསྡུར་སྐབས་བཅུ་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་ཚེས་15ཉིན་པེ་ཅིང་དུ་འགྲན་བསྡུར་དེ་2015ལོའི་ཟླ་7ཚེས་4ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལ་འགོ་ཚུགས་རྒྱུ་དང་། ཟླ་7ཚེས་5ནས་ཚེས་18ཉིན་བར་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)གསུམ་ལ་འགྲན་བསྡུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།