དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱིས་2020ལོར་སྒེར་འཁོར་ཡུལ་སྐོར་སྒར་ས་100བསྐྲུན་རྒྱུའི་འཆར་གཞི་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-18

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་14ཉིན་ཆེད་དོན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས《ཡུལ་སྐོར་ལས་རིགས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དངོས་སུ་བཏོན་པའི་ནང་2020ལོར་སྒེར་འཁོར་ཡུལ་སྐོར་སྒར་ས་100བསྐྲུན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

    བསམ་འཆར་ལྟར་ན་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཚད་གཞིར་གཞིགས་ཏེ་སྒེར་འཁོར་ཡུལ་སྐོར་སྒར་སའི་མཚོན་རྟགས་གཅིག་གྱུར་ཐོག་ཇུས་འགོད་བྱེད་པ་དང་། སྒེར་འཁོར་ཡུལ་སྐོར་སྒར་ས་འཛུགས་སྐྲུན་གྱི་ཚད་གཞི་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ། འཛུགས་སྐྲུན་ཚད་ལྡན་དང་མཚོན་རྟགས་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཟི་ལིང་གྲོང་སྐོར་དང་། ཁྲི་ལེབ་རི་བོའི་ཡུལ་སྲོལ་གོམས་འདྲིས། ཚྭ་འདམ་གཞོང་སའི་མཛེས་ལྗོངས། འཛམ་གླིང་ཡང་རྩེ་ཉེན་དཔྱད། དར་གོས་འགྲུལ་ལམ་འཚོལ་སྐྱོད་ལ་སོགས་པའི་སྒེར་འཁོར་ཡུལ་སྐོར་སྐྱོད་ལམ་རྩེ་གྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་སྔོན་ཞིང་ཆེན་ནི་རང་འདོད་འཁོར་གཏོང་ཡུལ་སྐོར་སྐྱོད་ལམ་ཡག་པོ་ཞིག་ཡིན་པ་དང་མིག་སྔར་སྒེར་འཁོར་ཡུལ་སྐོར་སྒར་ས་30ལྷག་ཙམ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།