ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡུན་ནན་སེམས་ཀྱི་ཉི་ཟླའི་རྡོ་མགོ་རྫོང་གནའ་གྲོང་གི“1·11”སླར་གསོ་བསྐྱར་སྐྲུན་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་པ་དང་ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་ཁྲི་122270བཏང་ནས་སླར་གསོ་བསྐྱར་སྐྲུན་བྱ་ཡུལ་ནི་མེ་སྐྱོན་ནང་གཏོར་སྐྱོན་ཤོར་བའི་ཁྱབ་ཁོངས་དེ་དག་ཡིན་པ་དང་འཆར་འགོད་གཞི་ཁྱོན་མུའུ་98.56ཟིན་པ་དང་འཐུས་ཚང་རིམ་སྤོར་ཁུལ་ནི་སླར་གསོ་བསྐྱར་སྐྲུན་ཁུལ་ཕུད་པའི་གནའ་གྲོང་འཆར་འགོད་སྲུང་སྐྱོང་ས་ཁོངས་ཡིན་པ་དང་འཆར་འགོད་རྒྱ་ཁྱོན་མུའུ་2151ཡིན་པ་རེད། མིག་སྔར་དུས་ཐེངས་དང་པོའི་སྲེག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དེ་2014ལོའི་ཟླ་5ཚེས་8ཉིན་ལས་འགོ་ཚུགས་པ་དང་འགྲོ་ལམ་11སླར་གསོ་བསྐྱར་སྐྲུན་ཐུབ་པ་དང་དུས་ཐེངས་གཉིས་པའི་འཐུས་ཚང་རིམ་སྤོར་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དེ་2015ལོའི་ཟླ་དྲུག་པར་འཛུགས་རྒྱུ་ཡིན་པ་རེད།
གྲོང་མིའི་སྡོད་གནས་སླར་གསོ་བསྐྱར་སྐྲུན་དེ“གཅིག་གྱུར་འཆར་འགོད་ངང་སྐྲུན་པའི”རྩ་དོན་གཞིར་བཟུང་2014ལོའི་ཟླ་8ཚེས་25ཉིན་དངོས་སུ་འགོ་བཙུགས་པ་དང་ཁྱོན་དུད་ཚང་143བསྐྱར་སྐྲུན་ཐོ་འགོད་བྱས་པ་དེའི་ནང་རྦད་དེ་མེས་སྲེག་པ་དང་རྦད་དེ་བཤིག་དགོས་པའི་དུད་ཚང་152ཁྲོད་དུད་ཚང་123ལས་འགོ་ཚུགས་པ་རེད།
རྡོ་མགོ་རྫོང་གནའ་གྲོང་དུ་ཡུལ་ཐོན་ཐོན་རྫས་ཚོང་མཁན་སྦྱིན་བདག་ཟླ་བ་ཚེ་རིང་གིས་མེ་སྐྱོན་ལ་སྔར་བཞིན་སྐྲག་སྣང་བྱེད་ཀྱི་ཡོད་པ་དང་ཁོང་གིས་ངའི་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་160ཙམ་ཡོད། སྐབས་དེར་མེ་སྐྱོན་ཐོན་ནས་སྒོར་ཁྲི་400ལྷག་ཙམ་གྱོང་གུན་ཕོག་བྱུང་། འགན་བཅོལ་མེད་པའི་རྐྱེན་གྱིས་གྱོང་གུན་ཚང་མ་རང་ཉིད་ཀྱིས་གསབ་དགོས་བྱུང་ཞེས་བཤད།