མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་མཁར་གནའ་གྲོང་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བཞིན་ཡོད། གནའ་གྲོང་གི་དམངས་སྡོད་ཁང་པ་བརྒྱ་ཆའི་དགུ་བཅུ་བསྐྱར་སྐྲུན་བྱེད་འགོ་བརྩམས་ཤིང་། དེའི་ནང་གནོད་སྐྱོན་ཆུང་ཙམ་ཕོག་པའི་དུད་ཁྱིམ་26དང་། གནོད་སྐྱོན་ཆ་ཤས་ཕོག་པའི་དུད་ཁྱིམ་68ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་བསྒྲུབས་ཚར་བ་རེད།
ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པའི“ཟླ་འོད་གྲོང་ཁྱེར”ཏེ་རྡོ་མཁར་གནའ་གྲོང་དེ་ཉིད་2014ལོའི་ཟླ་1ཚེས་11ཉིན་མེ་སྐྱོན་བྱུང་ནས་གཏོར་བརླག་ཐེབས་པ་རེད།