ནེ་པ་ལར་ཡོམ་འཕྲོ་དྲག་པོ་བརྒྱབ་པའི་ཤུགས་རྐྱེན་གྱིས་རྒྱལ་ལམ་318ཀྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གྲོང་ནས་འགྲམ་གྲོང་རྡལ་བར་གྱི་ལམ་དུམ་བུའི་ཆུ་ཤང་ཉེ་འདབས་ཀྱི་ལམ་ཚེས་12ཉིན་གྱི་ཕྱི་དྲོ་འགག་པ་དང་དེ་གོང་བཤངས་པའི་ལམ་དུམ་བུར་སླར་ཡང་རི་ཉིལ་ནས་རླངས་འཁོར་སྐྱོད་ཐབས་བྲལ་ཞིང་། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་གཙང་གཤོང་རགས་ཙམ་བྱས་རྗེས་རླངས་འཁོར་ཆུང་རིགས་འགྲོ་སྐྱོད་ཐུབ་ཙམ་བྱུང་ཡོད། གཞན་ཡང་ཚེས་12ཉིན་གྱི་ཕྱི་དྲོ་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ནས་འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ་བར་གྱི་ལམ་དུམ་བུའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་13སར་རྡིབ་སྐྱོན་ཆེན་པོ་ཁག་དགུ་བྱུང་ཡོད་པ་རེད།
འདི་ནི་དེ་གོང་བཤངས་པའི་བོད་ཀྱི་འགྲམ་གྲོང་རྡལ་ཆུ་ཤང་ཉེ་འདབས་ཀྱི་གཞུང་ལམ་དུ་རྡིབ་སྐྱོན་ཁག་མང་པོ་བྱུང་ནས་རླངས་འཁོར་སྐྱོད་ཐབས་བྲལ་བའི་གནས་ཚུལ་ཡིན་པ།