དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གནའ་བོའི་སྒོ་ར་ཆེ་མོ་ནང་གི་སྤང་མདའ་ཚང་མགྲོན་ཁང་།

  •     སྤེལ་དུས།  2015-05-14


    སྤང་མདའ་ཚང་ནི་ར་སྒྲེང་དུས་ཀྱི་བོད་དམག་དམག་དཔོན་ཚ་རོང་གི་གཟིམ་ཤག་ཡིན་ཞིང་།རྗེས་སུ་བོད་ཀྱི་ཚོང་རྟགས་ཆེ་ཤོས་སྤང་མདའ་ཚང་ལ་ཚོང་བ་རེད།བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་སྤང་མདའ་ཚང་ནི་བོད་ཀྱི་ཚོང་རྟགས་ཆེ་ཤོས་ཡིན།བོད་ཀྱི་དེང་རབས་ལོ་རྒྱུས་གླེང་ན་ཁྱིམ་རྒྱུད་འདི་དང་བྲལ་ཐབས་མེད།ད་ལྟ་སྤང་མདའ་ཚང་ལ་ལོ་ངོ་300ཙམ་གྱི་ལོ་རྒྱུས་ལྡན་པ་དང་།ལྷ་སའི་གནའ་གྲོང་ཁུལ་ནང་གི་ཉར་ཚགས་ཆེས་ཆ་ཚང་བའི་སྒོ་ར་རྙིང་པ་ཡིན་པས།རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་རིག་དངོས་ལ་བཀོད་ཡོད།

    2012ལོར་དངོས་སུ་གཉེར་སྤྱོད་འགོ་ཚུགས་ཏེ།ཞག་སྡོད་དང་།བཟའ་བཏུང་།སྒྱུ་རྩལ་ཐོན་རྫས།དངོས་མང་བཤམས་སྟོན་ཁང་སོགས་ནུས་པ་གཅིག་ཏུ་འདུས་པའི་མགྲོན་ཁང་ཡིན་པ་མ་ཟད།ལྷ་སར་སྒོ་འཛིན་མི་དགོས་པའི་སྲོལ་རྒྱུན་གྱི་འཛུགས་སྐྲུན་ལྟ་སྐོར་ལྗོངས་ཡུལ་དང་པོའང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།