དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཛེས་ལྗོངས་ཀྱི་པར་འགྲེམ་ལས་ཡུལ་ཤུལ་གྱི་མཛེས་སྡུག་ངོམས།

  • ཡོང་ཁུངས།  ཁམས་པའི་བརྙན་འཕྲིན་དྲ་བ།   |     སྤེལ་དུས།  2015-05-14

    c2b4d373dd3f4901a5eaa84faacfa331.jpg

    ཡུལ་ཤུལ་ཡུལ་སྐོར་གྱི་ཁྲེན་ཏུའུ་རིག་གནས་དྲིལ་བསྒྲགས་གཟའ་འཁོར་སྤེལ་རིང་། ལྷ་ཡུལ་གྱི་འཆར་སྣང། ཡིད་འོང་གི་ཡུལ་ཤུལ་ཞེས་པའི་མཛེས་ལྗོངས་པར་ལེན་འགྲེམ་སྟོན་གྱི་དམིགས་བསལ་བྱེད་སྒོ་སྤེལ། རྒྱལ་ཕྱི་ནང་གི་ཕུལ་དུ་བྱུང་བའི་པར་ལེན་མཁས་ཅན་རྣམས་ཀྱིས་པར་རིས་བརྩམས་ཆོས་ཐོག་ནས་སི་ཁྲོན་མི་དམངས་རྣམས་ལ་ཡུལ་ཤུལ་གྱི་སྐྱེ་ཁམས་དང་མི་ཆོས་རིག་གནས་ངོམས།

      ཡུལ་ཤུལ་ཁུལ་ནི་རྒྱལ་ནང་པར་ལེན་ཞེན་མོས་ཅན་དང་བྲིས་མཁན་རྣམས་ཆེས་དགའ་བའི་ཡུལ་གྲུ་ཞིག་ཡིན་ལ། མཛེས་སྡུག་ཡུལ་ཤུལ་ཉམས་འགྱུར་ངོམས་པའི་པར་རིས་དང་བྲིས་ཀྱི་བརྩམས་ཆོས་མང་པོ་ཞིག་ཐོན་ཡོད། ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་ཞིག ལྷ་ཡུལ་གྱི་འཆར་སྣང་། ཡིད་འོང་གི་ཡུལ་ཤུལ་ཞེས་པའི་མཛེས་ལྗོངས་པར་འགྲེམ་ཐོག་བཤམས་ཡོད། ཐེངས་འདིར་ང་ཚོས་ཁྱེར་ཡོང་བའི་བརྩམས་ཆོས་གཙོ་བོ་ནི་ཡུལ་ཤུལ་ཀྱི་སྐྱེ་ཁམས་སྐོར་གྱི་བརྩམས་ཆོས་ཡིན། བརྩམས་ཆོས་འདི་དག་གིས་གཞན་ཡུལ་གྱི་མི་རྣམས་ལ་ཡུལ་ཤུལ་འཚམས་སྦྱོར་བྱེད་པ་དང་ཡུལ་ཤུལ་དུ་འགུགས་པའི་རེ་བ་ཡོད།

      ཐེངས་འདིར་ང་ཚོས་ཁྲེན་ཏུའུ་ར་དྲིལ་བསྒྲགས་བྱེད་པ་དེས་ང་ཚོའི་དྲིལ་བསྒྲགས་བྱེད་རྒྱ་དེ་མཚོན་ཡོད། ཡུལ་སྐོར་དྲིལ་བསྒྲགས་བརྙན་རིས་གཏོང་བ་སོགས་ཀྱིས་གྲུབ་འབྲས་ཡག་མོ་ཐོན་ཡོད། དེས་ཁྲེན་ཏུའུ་བ་མང་པོ་ཞིག་ལ་ཡུལ་ཤུལ་གྱི་དམངས་སྲོལ་གོམས་གཤིས་དང་ས་གཤིས་སྐྱེ་ཁམས་མེ་མཚམས་སྦྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།