སྤྱི་ཚེས་12ཉིན། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་གིས་ར་འོག་རོང་ཁུལ་གྱི་གཞུང་ལམ་མྱུར་བཟོ་བྱེད་པ།
སྤྱི་ཚེས་12ཉིན་གྱི་སྔ་དྲོ། རྒྱལ་ལམ་318ཀྱི་ཁྲོན་བོད་གཞུང་ལམ་ར་འོག་རོང་ཁུལ་གྱི་གཞུང་ལམ་དུམ་མཚམས་སུ་གློ་བུར་དུ་རི་རྡོ་ཉིལ་ནས་འགྲིམ་འགྲུལ་འགགས་ཡོད། མིག་སྔར་མི་ཤི་རྨས་དང་རླངས་འཁོར་ལ་གནོད་སྐྱོན་ཕོག་མེད་པ་དང་གཞུང་ལམ་དུམ་མཚམས་དེའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་གཏན་འཁེལ་མེད་པ་རེད།