

ཟླ5ཚེས་13ཉིན། རྒྱལ་ལམ་216གི་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་བར་གྱི་གཞུང་ལམ་དུམ་བུའི་ཐོག་མྱུར་བཟོ་བྱས་མ་ཐག་པའི་གཞུང་ལམ་དུམ་བུར་རི་ཉིལ་ནས་བར་མཚམས་ཆད་པ་དང་། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་སླར་ཡང་མྱུར་བཟོ་བྱེད་བཞིན་པ།
ཟླ་5ཚེས་12ཉིན། རྒྱལ་ལམ་216གི་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོ་བར་གྱི་གཞུང་ལམ་དུམ་བུའི་ཐོག་ས་ཡོམ་གྱི་རྐྱེན་པས་རི་ཉིལ་བའི་གནོད་འཚེ་ཐོན་ཏེ་འགྲིམ་འགྲུལ་བར་མཚམས་ཆད་ཡོད། ཟླ་5ཚེས་13ཉིན། དྲག་ཆས་ཉེར་རྟོག་འགྲིམ་འགྲུལ་དཔུང་སྡེ་ནམ་ལངས་མ་ཐག་རི་ཉིལ་ཁུལ་དུ་མྱུར་བཟོ་བྱེད་པར་བསྐྱོད་ཡོད། འོན་ཀྱང་རི་ཉིལ་བའི་གནོད་འཚེ་བར་མཚམས་མེད་པར་ཐོན་པས་ཕུང་གསོག་ཐེབས་པའི་བྲག་རྡོ་དག་གཙང་སེལ་བྱས་མ་ཐག་སླར་ཡང་རི་ཉིལ་བས་གཞུང་ལམ་འགགས་ཀྱི་ཡོད། ཆུ་ཚོད་9དང་སྐར་མ་20ཐོག་གསར་འགོད་པ་གནོད་འཚེ་ཐོན་ཡུལ་དུ་སླེབས་སྐབས་རི་ཉིལ་བའི་གནོད་འཚེ་ཆེན་པོ་ཞིག་ཐོན་པ་དང་སྐབས་འཁེལ་ཞིང་དུས་ཡུན་སྐར་མ་2ཙམ་རྒྱུན་མཐུད་དུ་ཐོན་པས་བྲག་རྡོ་ཟག་སྟེ་མཐའ་འཁོར་ས་རྡུལ་གྱིས་བསྒྲིབས་སོང་།
ངོ་སྤྲོད་ལ་གཞིགས་ན། གཞུང་ལམ་དུམ་བུ་དེ་ཧ་ཅང་བརྟན་པོ་མེད་པ་དང་ཉིན་གཉིས་གསུམ་གོང་གཞི་ཁྱོན་ཆུང་བའི་རི་ཉིལ་བའི་གནོད་འཚེ་ཐོན་ནས་བྲག་རྡོ་བར་མཚམས་མེད་པར་ཟག་ཡོད། ཚེས་12ཉིན་གྱི་ཕྱི་དྲོའི་སྐབས་བརྒྱབ་པའི་ནེ་པ་ལའི་ས་ཡོམ་དྲག་པོ་ཐེངས་གཉིས་ཀྱིས་རི་ཉིལ་བའི་གནོད་འཚེ་ཚབས་ཆེ་རུ་ཕྱིན་ཡོད།