དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • དགུན་དུས་བོད་ཀྱི་ཉམས་འགྱུར་གྱིས་བོད་སྐྱོད་ཡུལ་སྐོར་བའི་ཡིད་དབང་ལྷག་པར་འཕྲོག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་6ཉིན་ནི་བོད་ཀྱིས “དགུན་དུས་བོད་དུ་ཡུལ་སྐོར་གྱི ”བྱེད་སྒོ་སྤེལ་བའི་ཉིན་དྲུག་པ་དེ་ཡིན། ཞོགས་པ་ལྷ་སར་ཁ་བའི་འདབ་མ་ལྷབ་ལྷབ་ཏུ་བབས་ཀྱང་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གཙུག་ལག་ཁང་། སེ་ར་དགོན་སོགས་མཛེས་ལྗོངས་སུ་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བའི་གཟུགས་བཪྙན་གང་སར་མཐོང་རྒྱུ་ཡོད།

        ཁ་བའི་ཁྲོད་རྩེ་སྐོར་དུ་འགྲོ་མཁན་མི་ཚོགས་ཀྱི་རྒྱུན་ཆད་རྒྱུ་མེད་ཅིང་། ཡུལ་སྐོར་བ་མང་པོ་ཞིག་གིས་གངས་ཁྲོད་ཀྱི་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་རྣམ་པ་དེ་དག་མཐོང་སྐབས་འཚང་ག་ཤིག་ཤིག་ངང་པར་རྒྱག་བཞིན་མཆིས།

        འཇར་མན་ནས་ཡོང་བའི་ལུའེ་པེ་ཁེ་བཟའ་ཚོ་གཉིས་ཕོ་བྲང་པོ་ཏ་ལའི་སྒོའི་ཕྱིར་ལྟ་སྐོར་ལ་སྐྱོད་རྒྱུར་སྒུག་ནས་བསྡད་འདུག ཁོང་གཉིས་གཟའ་འཁོར་གོང་མའི་རེས་གཟའ་པ་སངས་ཉིན་གནམ་གྲུར་བསྡད་དེ་པེ་ཅིང་ནས་ལྷ་སར་ཡོང་ཞིང་། གྲང་ངར་ཆེ་བའི་དགུན་དུས་སུ་བོད་དུ་ཡུལ་སྐོར་བྱ་རྒྱུའི་ཁོང་ཚོའི་སྤྲོ་སེམས་ལ་གཡོ་འགུལ་ཐེབས་མེད། ལུའེ་པེ་ཁེས “ངའི་གྲོགས་པོ་མང་པོ་ཞིག་གིས་དབྱར་ཁ་བོད་དུ་སྐྱོད་རྒྱུའི་ཁ་ཏ་བསླབ་བྱ་བྱས་བྱུང་། དབྱར་ཁའི་བོད་ཀྱི་རྣམ་པ་འཁོད་པའི་པར་དྲ་བའི་ཐོག་མང་པོ་མཐོང་རྒྱུ་ཡོད། ཡིན་ནའི་དགུན་དུས་ཀྱི་བོད་ཀྱི་རྣམ་པ་མཐོང་འདོད་ཆེ་བས་ཡུལ་སྐོར་བ་གཞན་གྱིས་མྱོང་རོལ་ཐུབ་དཀའ་བའི་བོད་ཀྱི་དགུན་དུས་ཀྱི་རྣམ་པ་དེ་མྱོང་རོལ་བྱེད་པར་ཡོང་བ་ཡིན ”ཞེས་བཤད་།

        ཟླ་བ་བཅུ་གཅིག་པ་ཤར་མ་ཐག་བོད་ཀྱི་ས་གནས་ཕལ་ཆེ་བར་དགུན་དུས་ཤར་བ་དང་འབྲོག་ཁུལ་དང་ཞིང་ཁུལ་དུ་ཡང་ཞིང་དལ་དུས་ཚིགས་ཤར་བར་བརྟེན་ཞིང་འབྲོག་པ་མང་པོ་ཞིག་ལྷ་སར་ཆོས་མཇལ་དུ་ཡོང་བཞིན་མཆིས།

        ལུའེ་པེ་ཁེས་པར་ཆས་ཁ་ཕྱེ་ནས་གསར་འགོད་པར་ཁོང་གིས་བརྒྱབ་པའི་པར་དག་བསྟན་བཞིན “ལྷ་སར་སྐོར་བ་རྒྱག་མཁན་དང་ཆོས་མཇལ་ཞུ་མཁན་མང་པོ་འདུག་པས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང ”ཞེས་བཤད།

        ལུའེ་པེ་ཁེ་བཟའ་འཚོ་གཉིས་དང་འདྲ་བར་ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་ཧོ་མན་ཧུང་གིས་ཀྱང་ཕོ་བྲང་པོ་ཏ་ལར་བསྐྱོད་རྒྱུའི་སྟ་གོན་བྱེད་བཞིན “དགུན་དུས་སུ་བོད་དུ་ཡུལ་སྐོར་བྱེད་པ་དེ་ནོར་མི་འདུག ”ཅེས་བཤད། ཧོ་མན་ཧུང་དང་རོགས་པ་ཚོ་སྔོན་ལ་ཆབ་མདོར་འབྱོར་བ་དང་དེ་རྗེས་ཉིང་ཁྲིར་འབྱོར་ཞིང་། ཉིན་ལྔ་འགྲུལ་བཞུད་བྱས་པ་བརྒྱུད་གཞི་ནས་ལྷ་སར་འབྱོར་ཡོད། ལམ་བར་དུ་ཕྱག་འཚལ་ནས་ལྷ་སའི་ཕྱོགས་སུ་བསྐྱོད་མཁན་བོད་ཀྱི་ཞིང་འབྲོག་མང་ཚོགས་མཐོང་བས་ཁོང་ཚོའི་སེམས་ནང་ཧང་སངས་བའི་རྣམ་པ་ཞིག་འཆར།

        “ང་ཚོ་སྔོན་ལ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱ་རྒྱུ་དང་། དེ་ནས་སེ་ར་དགོན་གྱི་རྟགས་གསལ་འགོད་སར་བལྟ་བར་འགྲོ་རྒྱུ་དང་དེ་རྗེས་གངས་རིའི་འདབས་སུ་གནས་པའི་གནམ་མཚོར་བལྟ་བར་འགྲོ་མཁན་ཡིན ”ཞེས་ཤོད་བཞིན་ཧོ་མན་ཧུང་དང་ཁོང་གི་རོགས་པ་ཚོས་རེ་སྒུག་བྱེད་བཞིན་མཆིས།

        ལྷ་ལྡན་གཙུག་ལག་ཁང་གི་མདུན་ན་སངས་ཀྱི་དུ་བ་དགུང་སྔོན་དབྱིངས་སུ་འཕྱུར་བཞིན་འདུག་ལ་ཉེ་འདབས་སུ་མི་རྣམས་ཀྱིས་མ་ཎི་དྲངས་བཞིན་སྐུ་ཕྱག་འབུལ་བཞིན་སྣང་། བར་སྐོར་ཁྲོམ་གཞུང་གི་ཁྲོམ་བཀྱགས་ཐོག་གི་སྣ་མང་ཕུན་སུམ་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དངོས་རྫས་ཀྱི་རིན་གོང་ཡང་དབྱར་ཁ་དང་བསྡུར་ན་གོང་ཁེ་པོ་འདུག

        ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོའི “དགུན་དུས་བོད་དུ་ཡུལ་སྐོར་གྱི ”བྱེད་སྒོའི་དུས་ཚོད་2011ལོའི་ཟླ་11ཚེས་1ཉིན་ནས་2012ལོའི་ཟླ་3ཚེས་31ཉིན་བར་ཡིན་ཞིང་། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་ཡུལ་སྐོར་ལས་དོན་ཁང་དང་། ཨར་ཁང་། མཁའ་འགྲུལ་ཀུང་སི་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དགུན་དུས་ཀྱི་ཡུལ་སྐོར་ཐོན་ཟོག་བཏོན་པ་དང་ཐོན་ཟོག་གི་རིན་གོང་ཡང་ཁེ་ཙམ་ཡོད་ལ། བོད་ཀྱི་མཛེས་ལྗོངས་ཁག་གི་སྒོ་འཛིན་རིན་གོང་དང་སྣེ་ཤན་པའི་གླ་ཆ་ཡང་50%བཅག་པ་དང་ཨར་ཁང་ཁག་གཅིག་གི་རིན་གོང་ཡང་40%ནས་60%བར་བཅག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།